དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕུལ་བྱུང་ལྟ་སྐུལ་དོ་དམ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-31

    ཚེས་29ཉིན་གྱི་སྔ་དྲོར། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕུལ་བྱུང་ལྟ་སྐུལ་དོ་དམ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག《ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕུལ་བྱུང་ལྟ་སྐུལ་དོ་དམ་པར་གཟེངས་བསྟོད་བྱེད་པའི་གཏན་འབེབས》སྒྲོག་སྦྱང་བྱས་ཏེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཕུལ་བྱུང་ལྟ་སྐུལ་དོ་དམ་པར་གཟེངས་བསྟོད་བྱས་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་ལས་དོན་སྤེལ་རེས་བྱས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་འདུ་འགོད་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེ་ཁམས་འཛུགས་སྐྱོང་འདུ་འགོད་ཆེ་ཤོས་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གལ་ཆེན་བཅས་རེད། ལྟ་སྐུལ་དོ་དམ་ཚན་པ་ཁག་དང་ལྟ་སྐུལ་དོ་དམ་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ། ལྟ་སྐུལ་དོ་དམ་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པ་དང་། འགག་རྩ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་མཐོང་ཆེན་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ནས་ལས་དོན་ཏན་ཏིག་སྒྲུབ་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལ་གྲུབ་འབྲས་ཡག་པོ་ཐོབ་པ་དང་སྐས་རིམ་གསར་པར་སླེབས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།