དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཅང་ཝུན་ཕེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

    སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཞབས་ཞུ་འགན་ལེན་གྱི་ནུས་པ་དེ་བས་ལེགས་པ་འདོན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    ཟླ་10ཚེས་22ནས་26ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅང་ཝུན་ཕེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤེལ་ཚུལ་ཤེས་རྟོགས་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    ཅང་ཝུན་ཕེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ། སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་བསྟར་ཁྲིམས་སྒྱུར་དང་། སྤྱོད་གཙང་སྒྲིག་ནན། རུལ་སུངས་ལ་ངོ་རྒོལ་བཅས་ལ་ལྟ་སྐུལ་བྱེད་པའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཞབས་ཞུ་འགན་ལེན་གྱི་ནུས་པ་དེ་བས་ལེགས་པ་འདོན་དགོས་ཞེས་གསུངས་པ་རེད།

    ཅང་ཝུན་ཕེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས“གྲོས་གཞི་དང་པོའི”ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཟབ་མོ་ལེན་པ། དད་འདུན་དང་ལག་བསྟར་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། “སྒྲོན་འོག་མུན་ནག”འགོག་བཅོས་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་སྒྲིག་ལམ་ཡོད་པ་དང་། བློ་སྟོབས་ཡོད་པ། བརྩེ་སེམས་ཡོད་པ་བཅས་བྱས་ནས་སྙིང་ཉེ་བ་དང་། ཡིད་རྟོན་རུང་བ། བརྩི་བཀུར་ཞུ་འོས་པ་བཅས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།