དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་འགྲེམས་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་སྨར་ཁམས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ནས་ལོ་74འཁོར་བར་དྲན་གསོ་ཞུ་བའི་མཚམས་སུ། ཟླ་10ཚེས་23ཉིན་གྱི་སྔ་དྲོར“ཆབ་མདོའི་གཡུལ་འགྱེད་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་འགྲེམས་ཁང་སྒོ་ཕྱེ་བའི་མཛད་སྒོ་ཆབ་མདོར་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་གྱི་སྒོ་བྱང་ཕྱེ་བ་རེད། དེ་རྗེས་ཆབ་མདོའི་གཡུལ་འགྱེད་ཀྱི་སྔོན་གཤེགས་དཔའ་བོ་དང་འཐབ་འཛིང་པ་རྒན་གྲས་ཀྱི་ནང་མི་དང་རྗེས་རབས་པ་དང་དེ་བཞིན་མི་རིགས་ཁག་གི་མང་ཚོགས་དང་། སློབ་མ། ལས་བྱེད་ལས་བཟོ་བཅས་ཀྱི་འཐུས་མི་དང་ལྷན་དུ་འགྲེམས་སྟོན་ལ་གཟིགས་པ་རེད། བོད་དམག་ཁུལ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཕེབས་ཡོད་པ་རེད།

    ཚེས་24ཉིན་དབང་ཧའེ་ཀྲོའུ་དང་བཅས་པས་འབྲེལ་གཏུག་ས་ཚིགས་སྨར་ཁམས་རྫོང་གཙང་ཤོད་ཤང་དུ་བརྟག་ཞིབ་གནང་སྟེ་གཙང་ཤོད་ཤང་གི་ལས་བྱེད་པ་དང་གཙང་རོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་བཞུགས་མོལ་གནང་ཞིང་། ཁོང་གིས། མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། གསེར་ལྡན་དགོན་དུ་བརྟག་ཞིབ་གནང་སྐབས། དབང་ཧའེ་ཀྲོའུ་དང་བཅས་པས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཞུང་ལས་ཁང་དང་། དགོན་སྡེའི་དཔེ་མཛོད་ཁང་། བོད་སྨན་ཁང་བཅས་སུ་བསྐྱོད་དེ་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ། དེ་བཞིན་དགོན་སྡེའི་རིག་དངོས་སྲུང་སྐྱོང་སོགས་ཐད་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།