དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྣུམ་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་བརྙན་ལམ་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-28

    ཚེས་25ཉིན་གྱི་སྔ་དྲོར། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྣུམ་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བཀོད་གཏོང་བརྙན་ལམ་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་བཅོས་སྣུམ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཁུལ(གྲོང་ཁྱེར)ཁག་དང་ཆེད་དོན་ཚན་ཁག་གི་ཁོངས་མིའི་ཚན་པས་བཅོས་སྣུམ་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། སྤྱི་འདོམས་མཉམ་འགུལ་མཐའ་འཁྱོངས་ཀྱིས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་འདོམས་ནུས་པ་ཆེ་རུ་བཏང་ནས་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་མཐའ་འཁྱོངས་ཀྱིས་བཅོས་སྣུམ་འཁོར་རྒྱུག་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ནུས་རྒྱུ་བདེ་འཇགས་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།