དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཐོན་ལས་གོང་འཕེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-26

     ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཐོན་ལས་གོང་འཕེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། འདི་ལོ་ཚུན་གྱི་རང་ལྗོངས་ཀྱི“ཐོན་ལས་ཆེན་པོ་དགུའི”འཕེལ་རྒྱས་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ཐོན་ལས་གོང་འཕེལ་་ཐད་ཐོབ་པའི་དགེ་མཚན་ལྡན་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་བོད་ཀྱི་དཔལ་འབྱོར་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ། གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། སུན་ཤན་ཀྲུང་། ཝུའེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོན་ལས་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐོར་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་ལས། ང་ཚོས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་གཏོད་བྱེད་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་ནན་ཏན་དང་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་སྔར་བས་ཁ་གསལ་བཟོས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་གསར་དར་ཐོན་ལས་སྐྱེད་སྲིང་དང་། གསར་དར་ཐོན་ལས་གོང་འཕེལ། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་གལ་ཆེའི་གནས་བབ་ཐོག་བཞག་ནས་ལྗོངས་ཡོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཇུས་འགོད་དང་སྤྱི་འདོམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ཡོངས་སྤྱོད་མཁའ་འགྲུལ། མཐོ་གསར་གྲངས་འཛིན། རིག་གནས་ཡུལ་སྐོར། ས་མཐོའི་ཁྱད་ལྡན་ཞིང་འབྲོག བོད་ལུགས་གསོ་རིག དེང་རབས་ཞབས་ཞུ། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་བཅས་ཀྱི“ཐོན་ལས་ཆེན་པོ་དགུར”དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མངོན་མེད་སྟོབས་ཤུགས་ལྡན་རྒྱུར་དཔལ་འབྱོར་གྱི་འཕར་གཞི་གསར་པ་མཁོ་འདོན་དང་། ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག ཐབས་ལམ་ནུས་ལྡན་འཚོལ་ཞིབ་བཅས་བྱས་ཡོད། འདི་ལོ་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་གྱི་འཕེལ་ཁ་ཡག་པོ་ཡོད་ཅིང་། ཟླ་1ནས་9པའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.2%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་20.6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་18.8%འཕར་བ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་15.3%དང་12.9%སོ་སོར་འཕར་བ། གྲངས་འཛིན་དཔལ་འབྱོར་སྔོན་དཔག་བྱས་ན་དུས་མཚུངས་ལས་8%འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཚུངས་ལས་10.2%འཕར་བ་བཅས་བྱུང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་དང་། འཕེལ་རྒྱས། སྟོབས་ཆེར་གཏོང་བ་བཅས་བྱས་ནས་དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མངོན་མེད་སྟོབས་ཤུགས་ལྡན་པར་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་དེང་རབས་ཀྱི་ཐོན་ལས་མ་ལག་སྐྲུན་པར་སྒུལ་ཤུགས་སྣོན་དགོས་པ་དང་། “དངོས་གཞིའི་མ་འཇོག”དང“ཞོར་གཏོགས་ཀྱི་འཛུགས་སྐྲུན”ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། མ་འཇོག་ལ་བརྟེན་ནས་ཐོན་ལས་མ་ལག་གི་ཞན་ཆ་སེལ་རྒྱུར་སྐུལ་ཁྲིད་བྱེད་པ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཐོན་ལས་འཕེལ་རྒྱས་སྒྱུར་བཅོས་ཀྱི་ལས་འགན་བརྟན་ལ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སྒྱུར་བཅོས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་སྒྱུར་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། ཕྱི་ནང་གཉིས་ཀར་སྒོ་མོ་དབྱེ་རྒྱ་སྔར་བས་ཆེ་རུ་བཏང་སྟེ་དེང་རབས་ཀྱི་ཐོན་ལས་མ་ལག་སྐྲུན་པར་ཁྲོམ་རའི་བར་མཐོངས་ཡངས་པོ་ཞིག་མཁོ་འདོན་བྱེད་དགོས། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བསྐྲུན་པའི་འཐབ་ཇུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་ཧུར་ཐག་ཞུགས་པ། ཁུལ་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་དང་ཁུལ་ཁོངས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དེ་བས་སྤུས་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་དེང་རབས་ཀྱི་ཐོན་ལས་མ་ལག་སྐྲུན་པར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། སྲིད་དོན་ཚོང་གཉེར་ཁོར་ཡུག་དང་། ཁྲོམ་རའི་ཚོང་གཉེར་ཁོར་ཡུག ཁྲོམ་རའི་འཛད་སྤྱོད་ཁོར་ཡུག མི་ཆོས་རིག་གནས་ཀྱི་ཚོང་གཉེར་ཁོར་ཡུག་བཅས་མུ་མཐུད་ལེགས་སུ་བཏང་ནས་ལས་དོན་ཁག་གོ་རིམ་ལྡན་པ་དང་། ཚད་བརྒལ་ཡོང་བ། ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་ལམ་སྲོལ་འཛུགས་རྒྱུ་སྔར་བས་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཤེས་ལྡན་པས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཤེས་ལྡན་པ་དང་བློ་རིག་འདྲེན་འགུག”ལས་ཀའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལམ་སྲོལ་དང་རྣམ་པ་ཆགས་པར་བྱེད་པ་བཅས་བྱས་ནས་ཤེས་ལྡན་པས་ནུས་པ་འདོན་པ་དང་རིན་ཐང་མངོན་པར་གོ་སྐབས་དང་ལས་སྟེགས་མཁོ་འདོན་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་སྔར་བས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་དེང་རབས་ཀྱི་ཐོན་ལས་མ་ལག་སྐྲུན་པར་འཕེལ་རྒྱས་ཀྱི་སྒུལ་ནུས་སྣོན་དགོས། བྱ་བ་གང་ཞིག་ཡིན་རུང་དོན་དངོས་ལ་གཞིགས་ནས་བྱེད་པ་མཐའ་འཁྱོངས་དང་། ཐོན་ལས་འཕེལ་རྒྱས་སྐྱེད་སྲིང་གི་ཆུ་ཚད་དང་འཕེལ་རྒྱས་ཆུ་ཚད་ལ་གཞི་ཚུགས་པ། རྣམ་གྲངས་གལ་ཆེན་གྱི་ཁྲིད་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ཡོངས་སྤྱོད་མཁའ་འགྲུལ། མཐོ་གསར་གྲངས་འཛིན་སོགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁེ་ལས་ཀྱི་ཐེ་ཞུགས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དེང་རབས་ཐོན་ལས་མ་ལག་འཛུགས་པའི་ཁྲོད་ཀྱི་ཁེ་ལས་ཀྱི་བྱེད་པོའི་ནུས་པ་གང་ལེགས་འདོན་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བོད་ཀྱི་མིང་བྱང་དེ་བས་མང་བ་གཏོད་པ་བཅས་བྱས་ནས་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རང་འགུལ་ངང་བྱེད་པོའི་འགན་འཁྲི་ཁུར་ནས་ཐོན་ལས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ཉམས་མྱོང་གསར་པ་ཕྱོགས་སྡོམ། ཆོས་ཉིད་གསར་པ་འཚོལ་ཞིབ་བཅས་ཟམ་མི་ཆད་པར་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ལས་འགན་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་མིག་སྔའི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་དགོས་པ་མ་ཟད། ཕུགས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཡུན་རིང་གི་གནད་དོན་ལ་མཐོང་ཆེན་དང་། དཔལ་འབྱོར་སློབ་སྦྱོང་བྱེད་མཁས་པོ་དང་། དཔལ་འབྱོར་ཤེས་པ། དཔལ་འབྱོར་ལ་ཞིབ་འཇུག དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྱི་ལས་དོན་ཁག་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ། དངོས་སྒྲུབ་དང་དངོས་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།