དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ཐུག་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-25

    ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ཐུག་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག སྲིད་གཞུང་ཚན་ཁག་གི་ཁོངས་མིས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་དང་དེ་བཞིན་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། འདི་ལོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཐད་དུས་ཚིགས་དང་པོར“ལྡོག་རྣམ་འགོ་རྩོམ་པ”དང་། དུས་ཚིཌ་གཉིས་པར“ལ་བརྒལ་ཉག་སྒྲོལ” དུས་ཚིགས་གསུམ་པར“བབ་བསྟུན་འཕྲལ་སྒྲུབ”བཅས་བྱུང་ནས། དུས་ཚིགས་རེ་རེ་བཞིན་ཇེ་ལེགས་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད། དཔལ་འབྱོར་འཕར་བའི“རྣམ་པ”ནས་བལྟས་ཚེ། དམིགས་ཚད་གཙོ་བོ་དེ་གནོན་ཐེག་མདུན་སྐྱོད་དང་རིམ་པ་བཞིན་འཕར་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི“སྤུས་ཚད”ནས་བལྟས་ཚེ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་བརྟན་པོའི་ངང་འཕར་བ། དཔལ་འབྱོར་འཁོར་རྒྱུག་གི“འཕེལ་ཕྱོགས”ནས་བལྟས་ཚེ། འཕེལ་རྒྱས་འགུལ་ནུས་ཀྱི་གསོན་ཤུགས་དང་གཏིང་ཤུགས་ཆེ་རུ་ཕྱིན་པ། དཔལ་འབྱོར་ཁོར་ཡུག་གི“བརྟན་པོ”ནས་བལྟས་ཚེ། ཉེན་ཁ་འགོག་ཟོན་གྱི་བྱེད་ཐབས་ནུས་ལྡན་དང་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་བཅས་རེད། གྲུབ་འབྲས་དེ་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལོ་འགོའི་དམིགས་ཚད་ལ་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་རྒྱུར་ལྷོད་གཡེང་མི་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་མུ་མཐུད་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱལ་ཁ་ལེན་པའི“མཇུག་བསྡུའི་དམག་འཐབ”མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཏེ། གཅིག་ནས་ཁྲིད་སྟོན་རང་བཞིན་གྱི་ལས་དོན་ཐད་ཡང་འབད་བསྐྱར་འབད་དང་དཔེ་སྟོན་ཁྲིད་སྟོན་བྱས་ཏེ་རྣམ་གྲངས་ཀྱི་མ་འཇོག་ལ་དམིགས་པ་དང་། “དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་འཆར་གཞི”ཕྱོགས་ཡོངས་ནས་དོན་འཁྱོལ། རྒྱལ་ཁབ་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་ལ་ཞབས་ཞུ་དང་འགན་ལེན་ཡག་པོ། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོར་ཆགས་པའི་དངོས་འབོར་ལ་དམ་པོར་དམིགས་པ། རྣམ་གྲངས་ཁག་གཅིག་སྔ་ཙམ་ཇུས་འགོད་དང་། སྔ་ཙམ་འགོ་འཛུགས་པ། སྔ་ཙམ་བརྩོན་ལེན་བཅས་བྱས་ཏེ་འགོ་འཛུགས་པའི་ཆ་རྐྱེན་ལོན་པར་བྱེད་དགོས། གཉིས་ནས་ཤུགས་སྣོན་རྒྱག་དགོས་པའི་ལས་དོན་ཐད་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། སྐུལ་འདེད་གཏོང་བར་དམ་འཛིན། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། བྱེད་སྒོས་སྐུལ་འདེད། ཁོར་ཡུག་གིས་འདྲེན་འགུག་བཅས་བྱེད་པའི་ཐད་ཤུགས་སྣོན་རྒྱུན་མཐུད་རྒྱག་པ། ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐུན་མོང་སྡེབ་སྐྱེལ་མ་ལག་འཛུགས་པ་སོགས་ལ་སྐུལ་འདེད་གཏོང་བར་དམ་འཛིན་བཅས་བྱས་ཏེ། རེས་སྐོར་བདུན་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”རིམ་སྤེལ་བྱེད་སྒོ་ཡག་པོ་སྤེལ་བ་དང་། ཁོར་ཡུག་ལེགས་སུ་གཏོང་བར་དམ་པོར་དམིགས་པ་དང་། སྲིད་ཇུས་དོན་འཁྱོལ་གྱི་འགོག་རྐྱེན་གཙང་སེལ་བྱེད་པའི་བྱ་སྤྱོད་ནན་ཏན་སྤེལ་བ། དག་ཐེར་ལ་དམ་འཛིན་ནན་པོ་དང་མགྱོགས་པོ་བྱེད་པ། “རྣམ་གྲངས་གཅིག་དང་། ཚན་ཁག་གཅིག དམ་འཛིན་མཐའ་གཅིག་ཏུ་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་འཚོ་གནས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རང་འགུལ་ངང་རྒྱབ་སྐྱོར་ཧུར་ཐག་བྱེད་པ། དངུལ་ཆད་གང་བྱུང་དུ་གཏོང་བ་དང་ཞིབ་བཤེར་གང་བྱུང་དུ་བྱ་རྒྱུ་གཏན་འགོག་བྱེད་པ། ཕྱི་ཕྱོགས་ཚོང་དོན་ལ་དམ་པོར་དམིགས་ཏེ་སྒོ་མོ་དབྱེ་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་རྨང་གཞི་འདིང་བའི་ལས་དོན་སྙིང་རུས་གཏན་འཁྱོངས་དང་བྱེད་མཁས་ལ་རྗེས་ཐོན་པར་བྱེད་དགོས་པ་དང་། སྒྱུར་བཅོས་ཟབ་གཏོང་ལ་དམིགས་ཏེ་འགན་འཁྲི་ལས་བགོས་ཞིབ་ཚགས་སུ་གཏོང་བ་དང་མཚམས་ཚིགས་ལས་འགན་ཁ་གསལ་བཟོས་ནས་དོན་ཚན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་དང་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པར་བྱེད་དགོས་པ། དམངས་འཚོ་ལེགས་གཏོང་ལ་དམིགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དབུལ་སྒྲོལ་མི་འབོར་སོགས་གཙོ་གནད་ཚོགས་སྤྱི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཁུར་པོ་ཡང་དུ་གཏོང་བ་དང་། ལས་གནས་བརྟན་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་བ་བཅས་ཀྱི“སྣ་འདུས་ཐབས་བཟང”ཡག་པོ་འདོན་དགོས་པ་དང་ཡོང་འབབ་དམའ་བའི་ཚོགས་སྤྱིར་རོགས་སྐྱོབ་དང་རོགས་སྐྱོར་ཡག་པོ་བྱེད་དགོས། བཞི་ནས་རྒྱང་ལྟའི་རང་བཞིན་གྱི་ལས་དོན་སྤེལ་སྐབས་ཕུགས་ལ་དམིགས་པ་དང་ཇུས་འགོད་སྔ་ཙམ་བྱེད་དགོས་པ་དང་། ཞིབ་ཕྲ་ཅན་དང་། རྣམ་གྲངས་ཅན། དམིགས་ཚད་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་དང་། རྣམ་གྲངས་ཀྱི་གོ་སྐབས་ལ་དམ་འཛིན། ལས་དོན་འབྲེལ་མཐུད་ཡག་པོ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་དང་། དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ། ཁྲིད་སྟོན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་བཅས་ཇུས་འགོད་ཡག་པོ་བྱས་ནས། ལས་གྲྭ་ཆེན་པོ་དང་རྣམ་གྲངས་ཆེན་པོར་བརྟེན་ནས་བོད་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱེད་དགོས་པ་དང་། གྲངས་འབོར་ལུགས་མཐུན་ངང་འཕར་བར་བརྟེན་ནས“བརྟན་པོའི”རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་པར་བརྟེན་ནས“ཡར་འཕེལ”གྱི་སྒུལ་ནུས་འཕེལ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།