ལའེ་ཅའོ་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་བཟོ་བའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།
ཚེས་17ཉིན། རང་སྐྱོང་ལྗོངས་ཀྱིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་བཟོ་བའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཕྱི་ཚུལ་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་གང་ཞིག་བྱེད་པ་དང་། ཇི་ལྟར་བྱེད་པ། སུས་བྱེད་པ་བཅས་གསལ་པོ་ཤེས་པར་བྱས་ནས་སྒྲིག་ཁོངས་ཀྱི་འགན་འཁྲི་ལག་བསྟར་ལས་དོན་གྱི་གསལ་ཐོར་དམ་འཛིན་གནད་འཁེལ་དང་། ཆགས་ཐུབ་པ། སྒྲུབ་ཐུབ་པ་བཅས་ཡོང་བར་འགན་ལེན་བྱེད་དགོས། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་སྒྲིག་གཞི་སྒྱུར་བཅོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་སྐྱེད་ཀྱི་བརྒྱུད་རིམ་ནང་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ་དང་། ཁོང་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།