དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • མངའ་རིས་ས་ཁུལ་སྡེ་ཁུལ་གྱི་ཁྱིམ་ལས་ཞབས་ཞུའི་ཀུང་སི་ཐོག་མ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-17

    ཉེ་ཆར། མངའ་རིས་ས་ཁུལ་སྒར་རྫོང་བདེ་སྐྱིད་ཁང་གསར་ཁྱིམ་ལས་ཚད་ཡོད་འགན་འཁྲི་ཀུང་སི་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་མངའ་རིས་ས་ཁུལ་གྱི་སྡེ་ཁུལ་གྱི་ཁྱིམ་ལས་ཞབས་ཞུའི་ཀུང་སི་ཐོག་མ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདེ་སྐྱིད་གྲོང་གསར་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ལས་དོན་རུ་ཁག་གིས་ནུས་པ་ཧུར་ཐག་བཏོན་ནས་གནས་སྤོས་བུད་མེད་མང་ཚོགས་དེ་བས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ཁྱིམ་སྡོད་ལས་ཞུགས་ཐུབ་པར་བྱས་ཡོད། མངའ་རིས་ས་ཁུལ་སྒར་རྫོང་བདེ་སྐྱིད་ཁང་གསར་ཁྱིམ་ལས་ཚད་ཡོད་འགན་འཁྲི་ཀུང་སིར་ད་ཆ་ཞབས་ཞུ་བ་8ཡོད་པ་ཚང་མ་བདེ་སྐྱིད་གྲོང་གསར་སྡེ་ཁུལ་གྱི་གནས་སྤོས་མང་ཚོགས་ཡིན་པ་དང་གཙོ་བོ་ཆེད་ལས་ཀྱི་གཙང་སྦྲ་དང་། འཚོ་བའི་ཞབས་ཞུ། ཁྱིམ་ཚང་ཞབས་ཞུ་སོགས་ཀྱི་ཁྱིམ་ལས་ཞབས་ཞུ་སྒྲུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།