དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • “འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-11

    ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་བཏོན་པའི“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད—འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ་·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་པེ་ཅིང་དུ་སྤེལ་འགོ་ཚུགས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲེན་ཧའེ་ཞུང་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། པེ་ཅིང་གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཀྲའོ་ལེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་སོགས་ཚོགས་ཞུགས་སྐུ་མགྲོན་དང་ལྷན་དུ་མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོར་ཞུགས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ཤིས་ཚིག་བསྒྲོན་སྐབས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ད་ཐེངས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་མཁན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་པེ་ཅིང་གྲོང་ཁྱེར་དང་དེ་བཞིན་བྱེད་སྒོར་ཞུགས་མཁན་རིག་གནས་ཡུལ་སྐོར་པུའུ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་ཚན་པ་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས་སོགས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཞི་བའི་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་སུ་གོམ་སྟབས་སྤོ་བའི་གསོན་ཉམས་དོད་པའི་རྣམ་པ་འགྲེམས་སྟོན་བྱ་ཆེད་རེད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ཟླ་10ཚེས་11ཉིན་དངོས་སུ་འགོ་འཛུགས་རྒྱུ་དང་དུས་ཡུན་ཉིན་14ཡི་རིང་ཐད་གཏོང་དང་རིམ་སྤེལ་བརྙན་ལམ་སྟོན་པ་བརྒྱུད་འགྲོ་སྐྱོད་རྣམ་པ་དང་ཡུལ་དངོས་སྟོན་པའི་རྣམ་པའི་ཐོག་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་གསར་པ་གསལ་འགྲེལ་དང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་དང་། རང་བྱུང་སྐྱེ་ཁམས་ཀྱི་མཚར་སྡུག དམངས་སྲོལ་དང་མི་ཆོས་ཀྱི་ངོ་མཚར་བཅས་གང་ལེགས་མངོན་པར་བྱ་རྒྱུ་རེད། ལོ་རྒྱུས་རིག་གནས་ཀྱི་དངོས་མཚོན་པར་གཞི《ཕོ་བྲང་པོ་ཏ་ལ》ཞེས་པ་དང་ལེའུ་བདུན་ཅན་གྱི་རིམ་སྤེལ་དངོས་མཚོན་པར་གཞི《ཐུན་མོང་གི་ཁྱིམ་གཞིས》ཞེས་པ་དུས་གཅིག་ཏུ་པར་ལེན་འགོ་འཛུགས་མཛད་སྒོ་འཚོག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།