དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-27

    ཚེས་24ཉིན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་བརྙན་ལམ་ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་བརྙན་ལམ་ཚོགས་འདུའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་མེ་གསོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆི་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། བསྟན་པ། ཀྲང་ལི་བཅས་ཚོགས་འདུར་ཕེབས་པ་རེད།

    ཡན་ཅིན་ཧའེ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དགོངས་གཞི་ནན་པོ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ནན་པའི་དགོངས་གཞི་ལྷོད་གཡེང་མི་གཏོང་བར་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཡོ་ཟོལ་མི་བྱེད་པ་དང་ལྷོད་གཡེང་མི་གཏོང་བ། བར་མཚམས་མི་འཇོག་པ་བཅས་བྱས་ཏེ་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་དོགས་ཟོན་ཆེན་པོ་དང་བྱེད་ཐབས་ནན་པོ་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་ཁུར་སེམས་དང“དོན་དག་ཚང་མ་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་རྒྱུན་འཁྱོངས་ཏན་ཏིག་བྱེད་པ། ལས་འཛོལ་ཚབས་ཆེན་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་སེལ་བ། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ལ་དོ་དམ་ཚོད་འཛིན་ནུས་ལྡན་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལ་དམ་འཛིན་ནན་པོ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཟབ་ཏུ་གཏོང་བ། གཙོ་གནད་ས་ཁོངས་དང་སྒྲིག་བཀོད་གལ་ཆེན་ཉེ་འགྲམ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། མེ་ཁུངས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འགལ་སྒྲིག་འགལ་ངང་མིས་རྐང་བཙུགས་ནས་བཟོས་པའི་མེ་ཁུངས་ལ་སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་རང་འགུལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། ཚན་རྩལ་གྱི་ནུས་པ་མངོན་གསལ་དོད་དུ་གཏོང་བ་དང་། རིག་ནུས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་སྐོར་སྲུང་ལ་ཤུགས་སྣོན་རྒྱག་པ། དོ་དམ་ཡག་པོ་དང་། སྤྱོད་མཁས་པོ། འགག་རྩའི་དུས་སུ་ནུས་པ་འདོན་སྤེལ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། འཕྲལ་སྡོམ་སྔོན་ཇུས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ། མེ་ཟོན་མེ་གསོད་ཀྱི་སྒྲིག་ཆས་དང་། དངོས་ཟོག མི་ཤུགས་སོགས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བ། དུས་དང་བསྟུན་ཏེ་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་བཟོ་བའི་ལས་དོན་སྤེལ་བ། ཉེན་འགོག་སྲོག་སྐྱོབ་ཀྱི་དངོས་སྦྱོང་བྱས་ཏེ་ཞི་འཁྲུག་ཟུང་འབྲེལ་དང་བྱ་སྤྱོད་མྱུར་སྤེལ་གྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས། བྱ་ཐབས་ཁག་གྲ་སྒྲིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་འཕྱུགས་པ་མེད་པའི་འགན་ལེན་བྱེད་དགོས། རྩ་བཅོས་འགག་སྒྲོལ་དང་འགོག་རྐྱེན་དང་ཉེན་ཁ་གཙང་སེལ་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་བ་གོ་སྐབས་སུ་བྱས་ཏེ། “ཐོག་མའི་འགག་གནད”ཀྱི་བདེ་འཇགས་སྔོན་འགོག་དང“མཐའ་མའི་འགག་གནད”ཀྱི་གནད་དོན་སེལ་བར་དམིགས་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཁུལ་ལ་དམིགས་ཏེ“ལེབ་བཤེར་རྣམ་པའི”ཐོག་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་། རྒྱུན་རྣམ་ཅན་དང་རྒྱུན་ཆད་མེད་པའི་སྐོར་ཞིབ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་མ་ཐོན་གོང་དང་ཐོན་མ་ཐག་སེལ་དགོས་པ་དང་དོན་རྐྱེན་ཆེན་པོ་དང་ཚབས་ཆེན་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། རྩ་ལག་མཉམ་བཅོས་དང་ཞན་ཆ་སེལ་དགོས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་བདེ་འཇགས་ཡོང་བ་དང་། ཚན་རྩལ་ལ་བརྟེན་ནས་བདེ་འཇགས་ཤུགས་ཆེར་གཏོང་བ། རྨང་གཞི་བརྟན་དུ་བཏང་ནས་བདེ་འཇགས་ལ་འགན་ལེན། ཁྲིམས་ལྟར་བདེ་འཇགས་སྲུང་སྐྱོང་བཅས་ལ་དམིགས་པ་དང་གཙོ་གནད་ལས་དོན་ལ་དམིགས་ཏེ་རྨང་གཞིའི་ལས་དོན་ཐད་མ་དངུལ་གཏོང་ཚད་རྒྱུན་མཐུད་ཆེ་རུ་བཏང་སྟེ་ཞན་ཆ་ཕྱོགས་ཡོངས་ནས་སེལ་དགོས། ཚན་རྩལ་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས་དང་། ཁྲིམས་སྐྱོང་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས། ཆ་འཕྲིན་ཅན་དང་རིག་ནུས་ཅན་ལ་བརྟེན་ནས་བདེ་འཇགས་ཡོང་ཐབས་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་ངར་ལྕགས་ལྟ་བུའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།