དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ལྷ་སར་2024ལོའི་ནེ་པ་ལའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་པ།

    ནཱ་ཝ་ལ་ཅེ·ཏཱ་ཁར་དང་ཁྲེན་ཡུང་ཆི་ཞུགས་ནས་ཤིས་ཚིག་བསྒྲོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-21

    ཟླ་9ཚེས་19ཉིན། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ལྷ་སར་2024ལོའི་ནེ་པ་ལའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། སྣེ་ལེན་ཚོགས་འདུ་མ་འཚོག་གོང་། ཁྲེན་ཡུང་ཆིས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ནཱ་ཝ་ལ་ཅེ·ཏཱ་ཁར་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    ཁྲེན་ཡུང་ཆིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་ནེ་པ་ལའི་རྒྱལ་སྟོན་ཉིན་མོར་རྟེན་འབྲེལ་ཞུས་པ་དང་འབྲེལ། ནེ་པ་ལའི་སྲིད་གཞུང་དང་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་པ་དང་དེ་རྗེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    ཁྲེན་ཡུང་ཆིས་གསུངས་དོན། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་བ་དང་། ས་ཁམས་འདྲ་བ། མི་ཆོས་རིག་གནས་འདྲ་བ་བཅས་ཡོད་པས་མི་རབས་ནས་མི་རབས་བར་མཛའ་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་མཛའ་གཅུགས་ཟབ། ཕྱི་འབྲེལ་བཙུགས་ནས་ལོ་69སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དཔེ་མཚོན་བཏོད་ཡོད། ད་ལོའི་ཟླ་7ཚེས་15ནས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་བདེ་བླག་ངང་འཚོགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་གཞི་གསར་པ་བཀོད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས་བཏོན་ཡོད་པས། སྒོ་དབྱེའི་ཀྲུང་གོ་དང་བོད་ལྗོངས་ཀྱིས་ནེ་པ་ལ་ཚུད་པའི་མཐའ་འཁོར་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་མཁོ་འདོན་བྱེད་རྒྱུ་རེད། ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོ་ཞིག་ཡིན་པའི་བོད་ཀྱིས་ནེ་པ་ལ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་ཕན་ཚུན་འཚམས་འདྲི་གནང་ནས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་2023ལོར་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། བོད་ཀྱི་ས་བབ་ཀྱི་ལེགས་ཆ་ཡག་པོ་བཏོན་ནས། ཀྲུང་ནེ་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་པ་དང་། ཧི་མ་ལ་ཡ་བརྒལ་བའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་སྐྲུན་པ། ཀྲུང་ནེའི་རྒྱལ་མཚམས་སྒྲོལ་བའི་མཉམ་ལས་སོགས་ཀྱི་འཐབ་ཇུས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་ནེའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན། ནེ་པ་ལ་ཕྱོགས་ཀྱིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་སླར་གསོ་འཕེལ་རྒྱས་སོགས་ཀྱི་ཐད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད།

    ནཱ་ཝ་ལ་ཅེ·ཏཱ་ཁར་གྱིས་གསུངས་དོན། ནེ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་རྟེན་རེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པའི་གྲོགས་པོ་དང་རོགས་ཟླ་ཡིན་པས། བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ནེ་པ་ལ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཕྱོགས་གང་ཅིར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ནེ་པ་ལ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། མ་འཇོག ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གཅུགས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།