དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་2024ལོའི་དུས་ཐེངས་9པའི“སྲིད་གྲོས་ཀྱི་འཆད་ཁྲིད”གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-21

    ཚེས་19ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་2024ལོའི་དུས་ཐེངས་9པའི“སྲིད་གྲོས་ཀྱི་འཆད་ཁྲིད”གཉེར་ཞིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཕེབས་པ་རེད།

    འཆད་ཁྲིད་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བུད་མེད་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ཐབས་ཤེས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིའི་སྲོལ་གཏོད་པ་དང་ཏུང་ཧྲི་ཀྲང་བཅས་ཡིན་པའི་སྒྲོལ་མ་གདན་འདྲེན་ཞུས་ནས《ཐོག་མའི་བསམ་འདུན་བརྟན་པོར་བཅངས་ནས་བོད་ཀྱི་སྤུས་རྟགས་བཏོད་པ》ཞེས་པའི་འཆད་ཁྲིད་གནང་བ་རེད།

    སྒྲོལ་མས་ཁེ་ལས་ཀྱི་ལྟེ་བའི་རིན་ཐང་དང་། འཕེལ་རྒྱས་ཀྱི་ངེས་གནས། སྤྱི་ཚོགས་ཀྱི་འགན་འཁྲི་སོགས་ཐད་ནས་གྲོང་གསེབ་ཀྱི་ལས་ཁང་དང་མཉམ་གཏོད་མཉམ་སྐྲུན་དང་རིན་ཐང་བརྗེ་སྒྱུར་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་པའི་དུས་རབས་གསར་པའི་ལས་གཏོད་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།