ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚོགས་འདུའི་ཐོག་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་ཡང་བྱས་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། སྲིད་གཞུང་གི་སྒྲིག་སྲོལ། རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ལ་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་ཡང་བྱས་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། སྲིད་གཞུང་གི་སྒྲིག་སྲོལ། རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།
《ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》ལ་ཁྱོན་ཆ་ཤས་ལྔ་དང་ནང་དོན་18ཡོད་ཅིང་། “ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ”སོགས་ཀྱི་རྣམ་པ་བརྒྱུད། སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་ཁང(མཉམ་འབྲེལ་ཁང) ཁྱིམ་ཚང་ཞིང་ར་སོགས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པར་ལྕག་སྐུལ་གྱི་བྱ་ཐབས་དང་བྱ་དགའི་ཚད་གཞི་ཁ་གསལ་བཟོས་ཡོད། ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ནི་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་གལ་ཆེན་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་པ། ཞིང་པ་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཙོ་ཤུགས་དམག་རེད། རྐང་འཛིན་སྣེ་འདྲེན་ཁེ་ལས་སྟོབས་ཆེར་གཏོང་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་སོགས་ཀྱི་ཞན་ཆར་དམ་པོར་དམིགས་པ། “སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པ་ཁྱབ་གདལ་གཏོང་བ། རོགས་སྐྱོར་དང་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕན་ལམ་སྲོལ་ཤུགས་ཆེར་བཏང་ནས། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་འབྲས་ལེགས་གཉེར་དང་ཞིང་འབྲོག་པ་རྩ་འཛུགས་ཅན་གྱི་ལས་ཞུགས་དང་ཕུགས་ཕན་ཅན་གྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས། ཤེས་ལྡན་པའི་འདེགས་སྐྱོར་བརྟན་དུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོའི་སྣེ་ཁྲིད་པ་གསར་པ་ཁག་གཅིག་སྐྱེད་སྲིང་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་སུ་རིམ་བཞིན་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་གལ་ཆེན་ཞིག་དང་དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན། མཉམ་ལས་ཁང་ལ་གཞིགས་ཏེ་ཐབས་ཇུས་ལག་བསྟར་དང་ཚད་ལྡན་འཁོར་སྐྱོད་རྒྱུན་འཁྱོངས་དང་། དཔེ་མཚོན་དཔེ་སྟོན་དང་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས། ཕྱོགས་མང་མཐུན་སྦྱོར་དང་མཉམ་ཤུགས་གཅིག་བསྡུས་རྒྱུན་འཁྱོངས་བཅས་བྱས་ཏེ། རོགས་སྐྱོར་སྲིད་ཇུས་འདུས་གྲུབ་དང་གཅིག་སྡུད་ཐོག་ལེགས་སྐྱོར་ཆེ་སྐྱོར་བྱས་ནས། འགྲན་རྩོད་ནུས་པ་ཆེ་བ་དང་སྐུལ་ཁྲིད་མངོན་གསལ་དོད་པའི་དཔེ་སྟོན་ཁང་དང“མཉམ་ལས་ཁང་སྟོབས་ཆེན་བརྒྱ”ཁག་གཅིག་དངོས་སུ་གཏོད་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྐྱེ་ཁམས་དར་ན་ཤེས་དཔལ་དར། ཕྱོགས་བསྡུས་ཇུས་བསྟར་དང་། ཁྲིམས་སྒྱུར་ནན་པོ། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་སྦགས་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་སྦགས་བཙོག་འགོག་བཅོས། ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ལས་དམངས་ལ་ཕན་པ་དང་སྐྱེ་ཁམས་དམངས་ཀྱི་ཆེད་དུ་ཡིན་པ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཐོག ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྲིད་གཞུང་གི་སྒྲིག་སྲོལ་དུས་ཐོག་ཏུ་གཙང་བཤེར་དང་། བཟོ་བཅོས། མེད་པར་བཟོ་བ་བཅས་བྱེད་པ་ནི་དུས་རབས་ཀྱི་འགྱུར་ལྡོག་དང་འཚམ་པ་དང་། ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་། ཁྲིམས་སྐྱོང་སྲིད་གཞུང་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དགོས་མཁོ་དང་། དུས་བསྟུན། སྤྱི་འདོམས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྒྲིག་སྲོལ་བཟོ་བ་དང་བཟོ་བཅོས་རྒྱག་པའི་ལས་དོན་སྤེལ་ཏེ་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། མི་དམངས་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་དོན་དངོས། སྤྱི་ཚོགས་ཀྱི་དགོས་མཁོ། མང་ཚོགས་ཀྱི་རེ་སྒུག་བཅས་འཇུག་སྒོར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྲིད་གཞུང་གི་སྒྲིག་སྲོལ་ལས་བྱུང་བའི་ལམ་ལུགས་ཀྱི་འགན་ལེན་དང“ཁྲིམས་སྐྱོང་གི་ཁེ་འབབ”དངོས་སུ་ལོངས་སྤྱོད་ཐུབ་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་ཁྲིམས་སྐྱོང་བྱེད་མཁས་པོར་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གནས་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པ། དངོས་སུ་སྤྱོད་གོ་ཆོད་པ་བཅས་ཀྱི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་རྒྱ་གྲམ་དམར་རྟགས་ཚོགས་པས་གཞི་རིམ་རྩ་འཛུགས་དང་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ལྷག་བསམ་རྣམ་དག་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འཁོར་སྐྱོད་བྱེད་པ་དང་། ལྷག་པར་དུ། ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་ཁྲིམས་སྐྱོང་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།