དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དབང་ཧའེ་ཀྲོའུ་ལྗོངས་ཡོངས་ཀྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-16

    ཉེ་ཆར། ལྗོངས་ཡོངས་ཀྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུ་དེ་བརྙན་ལམ་ནས་འཚོགས་ཏེ་ཁྲིམས་འགལ་ཉེས་གསོག་མི་སྣར་ཁྲིམས་ལུགས་ཁྱབ་གདལ་བཏང་བའི་ཕན་འབྲས་བརྟག་དཔྱད་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། སྡེ་ཚོགས་ཆུས་ཨུད་དང་ལྷ་ས་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་སོགས་ཚན་པས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དང་གཅིག་གྱུར་ཡོང་བར་བྱས་ཏེ། གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་ཀྱིས“སུ་ཞིག་གིས་ཁྱབ་གདལ་གཏོང་བ་དང་། གང་ཞིག་ཁྱབ་གདལ་གཏོང་བ། སུའི་ཆེད་དུ་ཁྱབ་གདལ་གཏོང་བ”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་པོ་གནད་སྨིན་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་ཡུལ་གནད་སྨིན། ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་གནད་སྨིན། ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་གནད་སྨིན་བཅས་ཏན་ཏིག་ཡོང་བར་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ནུས་ལྡན་གཏོང་དགོས། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་དཔུང་ཁག་སྟོབས་ཆེར་གཏོང་བ། ཁྱབ་གདལ་དང་བཅོས་སྐྱོང་ཟུང་འབྲེལ་ཡག་པོ་བྱེད་པ། རྒྱུན་མཐུད་གཏིང་ཟབ་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་དུས་རབས་གསར་པའི་རང་ལྗོངས་ཀྱི་གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།