དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ས་མཐོའི་ཁྱད་ལྡན་གསོ་ཚགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོཌ་པོ་གཏོང་བའི”ཆེད་དོན་གྲོས་མོལ་བཞུཌ་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-09

     ཚེས་5ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ས་མཐོའི་ཁྱད་ལྡན་གསོ་ཚགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི”ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག མིག་སྔར་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་དེ་སྲིད་ཇུས་གལ་ཆེན་ཞིབ་འདོན་དང་ལས་རིགས་ཀྱི་འཆར་གཞི་འགོད་པའི་སྐར་ཁུང་གི་དུས་མཚམས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། འཆར་འགོད་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ནས་ས་ཁོངས་ཀྱི་བཀོད་པའི་གཙོ་གནད་ལེགས་སུ་གཏོང་དགོས་པ་དང་། ཕ་གླང་གི་རྒྱུད་པ་ལེགས་སུ་གཏོང་བ་ནི་གསོ་ཚགས་ལས་རིགས་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཡིན་པས། གསོ་སྤེལ་ལས་རིགས་དར་རྒྱས་བཏང་ནས་གསོ་ཚགས་ལས་རིགས་ཀྱི་ཚན་རྩལ་ཡར་ཐོན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་གཟན་རྩྭའི་ཐོན་ལས་ནི་རང་ལྗོངས་ཀྱི་གསོ་ཚགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འགན་ལེན་གལ་ཆེན་ཞིག་ཡིན་པས། རྩྭ་ཐང་ལས་རིགས་སྔོན་དུ་འཇོག་རྒྱུ་མངོན་གསལ་ཡོང་བར་བྱས་ནས་གཟན་རྩྭའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས། གཞི་ཁྱོན་ཅན་གྱི་གསོ་ཚགས་ནི་ས་མཐོའི་ཁྱད་ལྡན་གསོ་ཚགས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོག་འཐུས་ལམ་བུ་ཞིག་ཡིན་པས་སྤུས་འབྲས་ལེགས་གཉེར་འབུར་དུ་ཐོན་པར་བྱས་ནས་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་གསོ་ཚགས་ལས་རིགས་ཀྱི་ཉེན་ཁ་འགོག་ཟོན་གྱི་འགོག་སྲུང་འཛིང་རགས་དང་པོ་དེ་ཡིན་པས། རིམས་ནད་འགོག་ཟོན་གལ་ཆེན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གསོ་ཚགས་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།