དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བ།
ཝང་ཅུན་ཀྲེང་ལྷན་དུ་ཕེབས་པ།
ཟླ་9ཚེས་3ཉིན་ནས་ཚེས་4ཉིན་བར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། འདི་ནི་བརྟག་ཞིབ་ཚོགས་ཆུང་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དུ་ཡོང་ནས་12309ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཀྱི་ཐད་སྦྲེལ་ཁ་པར”སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་9ཚེས་3ཉིན་ནས་ཚེས་4ཉིན་བར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
བརྟག་ཞིབ་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཞིབ་དཔྱོད་ཀྱི་འགན་ནུས་ཁྲིམས་ལྟར་ལག་བསྟར་བཅས་བྱས་ཏེ། ཞིབ་དཔྱོད་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་ཏུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་དམ་པོར་དམིགས་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་སོགས་སུ་ཕེབས་ཏེ། “ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད”དང“ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོང་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ཚུལ་དང་། ཞིབ་དཔྱོད་ཀྱིས་འགན་འཁྲི་ཁུར་ནས་བོད་ཀྱི་རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་ཚུལ། 12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”སོགས་ཀྱི་ལས་དོན་སྤེལ་ཚུལ་བཅས་ཤེས་རྟོགས་བྱས་པ་མ་ཟད། ད་དུང་བོད་ཀྱི་ཞིབ་དཔྱོད་མི་སྣ་དང་བོད་སྐྱོར་ཞིབ་དཔྱོད་ལས་བྱེད་པར་འཚམས་འདྲི་ཡང་བྱས་པ་རེད།
དབྱིང་ཡུང་གིས་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཞི་གཅིག་ཏུ་སློབ་སྦྱོང་དང་ལག་བསྟར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱེད་པ། བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་པོར་དམིགས་ནས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེན་པོས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཁུར་བ། ཁྲིམས་སྐྱོང་སྟོབས་ཤུགས་གང་ལེགས་སྤྱད་དེ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། དམངས་འཚོའི་བདེ་རྩ་ཆེར་གཏོང་། དེ་བཞིན་སྤྱི་ཡོངས་ལ་ཞབས་ཞུ་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་སྐྱོང་ཐེག་ཁུར་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཁྲིམས་སྐྱོང་གི་འགན་འཁྲི། ཞིབ་དཔྱོད་ཀྱི་འགན་འཁྲི་བཅས་ལག་བསྟར་ཏན་ཏིག་བྱེད་དགོས་པ། “དོན་ཆེན་བཞིར”དམིགས་ནས་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་བཙལ་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་གཏོད་དགོས་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཡག་པོ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་ཤུགས་རྒྱག་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་གྱོད་སྒྲུབ་ཁྲོད་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་འདྲ་མཉམ་བྱེད་པ། ཞིབ་དཔྱོད་འགན་སྒྲུབ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་རྨང་རྡོ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། བཅའ་ཁྲིམས་ལྟ་སྐུལ་གྱི་གཙོ་འགན་དང་གཙོ་ལས་ལ་དམིགས་ཏེ། ཁྲིམས་བསྟར་ནན་པོ་དང་ཁྲིམས་འཛིན་དྲང་གཞག་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“གྱོད་དོན་ཚང་མ་སྤུས་ཚད་མཐོ་པོ་དང་ཕན་འབྲས་ཆེན་པོས་སྒྲུབ་ཐུབ་པ”ཏན་ཏིག་བྱས་ནས“ཞིབ་དཔྱོད་ཆེན་པོ་བཞི”ཕྱོགས་ཡོངས་དང་མཐུན་སྦྱོར་གྱི་སྒོ་ནས་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་འདེད་མུ་མཐུད་གཏོང་དགོས་པ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་བ་བཅས་ཀྱི་དུས་རབས་གསར་པའི་ས་མཐོའི་ཞིབ་དཔྱོད་དཔུང་ཁག་གཅིག་ནུས་ཤུགས་ཡོད་རྒུས་འཛུགས་དགོས་པ། མི་རིགས་ཁག་གི་ཞིབ་དཔྱོད་པར་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་བྱེད་པ་དང་ལས་ཀ་དང་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱེད་རོགས་བྱས་ཏེ། ཁོང་ཚོ་སྔར་བས་ཡག་པ་དང་སྔར་བས་བློ་བདེ་པོས་བོད་དུ་གཞིས་ཆགས་པ་དང་། བོད་འཛུགས་སྐྲུན་བྱེད་པ། བོད་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དུ་འཇུག་དགོས་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁ་གཏད་བོད་སྐྱོར་གྱི་ལས་འགན་འཁུར་མཁན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རྒྱལ་ཡོངས་ཞིབ་དཔྱོད་ལས་དོན་གྱི“བསམ་ཇུས་གཅིག”གི་འདུ་ཤེས་བརྟན་པོ་བཙུགས་ནས་ཞིབ་དཔྱོད་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དབྱིང་ཡུང་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། དུས་ཡུན་རིང་པོའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སླད་ཕྱིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཞིབ་དཔྱོད་ལས་དོན་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།