དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “ཧྲའན་ཀུང་སློབ་ཆེན་འཆད་ཁྲིད”ཀྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་ལྷ་སར་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-03

    ཟླ་8ཚེས་31ཉིན། ལྷ་སར“ཧྲའན་ཀུང་སློབ་ཆེན་འཆད་ཁྲིད”ཀྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་མི་དམངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། འབུམ་རམས་པའི་སློབ་དཔོན། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཝུའུ་ཡུས་ཀྲང་འཆད་ཞུགས་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཧྥེང་ཤིའུ་ཅུན་གྱིས་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག་ཧྥེང་ཤིའུ་ཅུན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱིའི་གནས་ཚུལ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་གཙོ་གནད་ཁྱབ་ཁོངས། སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་གིས་སྒྱུར་བཅོས་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་གསལ་འགྲེལ་བྱས་པ་མ་ཟད། སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་དང་། དེ་བཞིན་ཇི་ལྟར་བྱས་ནས་ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་བཟོད་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་ཡག་པོ་གསོ་སྐྱོང་བྱ་རྒྱུའི་ཐད་གཙོ་གནད་ཐོག་གསལ་འགྲེལ་ཡང་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་བོད་རང་སྐྱོང་ལྗོངས་ཕྱོགས་བསྡུས་འཕེལ་རྒྱས་ཞིབ་འཇུག་ཁང་གིས་མཉམ་དུ་གཉེར་འགན་འཁུར་ཞིང་། མི་400ལྷག་ཙམ་གྱིས་སྙན་ཞུ་ཉན་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། “ཧྲའན་ཀུང་སློབ་ཆེན་འཆད་ཁྲིད”ཀྱི་སྒྲོག་འགྲེལ་སྤུས་རྟགས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་ཡག་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་དུས་མཚམས་ཤིག་རིང་གཅིག་སྡུད་སྒྲོག་འགྲེལ་བྱེད་པའི་འབྲེལ་ཡོད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ཏེ། རིག་གཞུང་ཚན་ཞིབ་དང་དྲིལ་བསྒྲགས་སློབ་གསོ་སོགས་ཐད་ཀྱི་སློབ་གྲྭའི་ཁྱད་ལྡན་ལེགས་ཆ་ཏན་ཏིག་འདོན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་འཕྱུར་བ་དང་ཁྲིད་སྟོན་ལ་གཞོགས་འདེགས་བྱས་པ་མ་ཟད། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དགེ་རྒན་ཆེ་མོ་བ་དང་། རིམ་པ་གཉིས་པའི་དགེ་རྒན་ཆེ་མོ་བ། སློབ་གསོ་པུའི“འབྲི་ཆུ་མཁས་དབང”དམིགས་བསལ་གདན་ཞུའི་དགེ་རྒན་ཆེ་མོ་བ། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཝུའུ་ཡུས་ཀྲང་མཐོ་རིམ་འཆད་ཞུགས་དགེ་རྒན་ཆེ་མོ་བ་བཅས་གཙོ་བོར་བྱས་པའི་སྒྲོག་འགྲེལ་དཔུང་ཁག་ཅིག་བཙུགས་ཏེ། སློབ་གྲྭ་ཕྱི་ནང་གི་རིགས་གཅིག་མཁས་ཅན་33རྒྱལ་ཡོངས་ས་གནས་ཁག་ཏུ་བསྐྱོད་དེ་སློབ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།