ཝང་ཅུན་ཀྲེང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་ཞུས་ལིའུ་ཕིང་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཞུགས་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཞུས་ལིའུ་ཕིང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཞུས་ལིའུ་ཕིང་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཀུང་ཧུའེ་ཚའེ། ཐང་མིང་དབྱིང་བཅས་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞུས་ལིའུ་ཕིང་དང་བཅས་པ་བོད་དུ་བརྟག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་མང་རིང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བཟོ་ཚོགས་སྒྱུར་བཅོས་དང་འཛུགས་སྐྲུན་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བཟོ་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རྣམ་གྲངས་དང་། མ་དངུལ། ཤེས་ལྡན་པ་སོགས་ཕྱོགས་མང་པོའི་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་བྱེད་པ། བོད་ཀྱི་བཟོ་ཚོགས་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ངལ་རྩོལ་དཔེ་བཟང་གི་བཟོ་པ་དང་ལག་རྩལ་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་རོགས་བྱེད་པ། རྒྱ་ཆེའི་ལས་བཟོའི་ངལ་རྩོལ་སྤྲོ་སེམས་དང་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་དང་བཀོད་གཏོང་བྱེད་པ། མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བཟོ་ཚོགས་ཀྱི་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རྒྱ་ཆེའི་ལས་བཟོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཁྲོད་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་རྒྱུར་ཁྲིད་སྟོན་བཅས་བྱས་པས་བཟོ་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་བཟོ་ཚོགས་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་བཟོ་ཚོགས་ལས་དོན་ལ་མུ་མཐུད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤེལ་རེས་དང་མཉམ་ལས་བྱེད་ཤུགས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ངལ་རྩོལ་པའི་ཁེ་དབང་འགན་སྲུང་དང་། ལས་བཟོའི་སྨན་བཅོས་དང་ལུས་གསོ། ལས་བཟོའི་ཁྱིམ་གཞིས་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ལ་འབྲེལ་གཏུག་རྒྱ་ཁྱབ་དང་ལས་བཟོར་ཞབས་འདེགས་ཞུ་བའི་བཟོ་ཚོགས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་རོགས་རམ་བྱེད་པ་དང་། ལས་བཟོའི་བསམ་བློ་ཆབ་སྲིད་ལས་དོན་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་བཟོའི་བསམ་བློ་སྤེལ་རེས་ཀྱི་ལས་སྟེགས་དེ་བས་མང་བ་སྐྲུན་པ་དང་། བཟོ་ཚོགས་ཀྱི་ཚོགས་མི་དང་ལས་བཟོའི་འཐུས་མི་ལྗོངས་ཕྱིར་ལྟ་སྐོར་དང་སློབ་སྦྱོང་ལ་སྒྲིག་འཛུགས་བྱས་ཏེ་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་བ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རྩལ་ནུས་བཟོ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་བཟོ་པའི་ལག་རྩལ་རྩལ་ནུས་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་བཟོ་པའི་རྩལ་ནུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་རྒྱུའི་རེ་བ་ཡོད།
ཞུས་ལིའུ་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཟོ་ཚོགས་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། ཁོང་གིས། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བོད་སྐྱོར་ལས་དོན་སྤེལ་སྟངས་གསར་གཏོད་བྱེད་པ། སྲིད་ཇུས་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་ཀྱི་བཟོ་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
བརྟག་ཞིབ་ཚོགས་པས་བོད་དུ་བཞུགས་རིང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་བཞུགས་མོལ་གནང་བ་མ་ཟད། ལྷ་ས་དང་ཉིང་ཁྲི་སོགས་ས་ཁུལ་དུ་བརྟག་ཞིབ་གནང་བ་དང་རང་ལྗོངས་ལ་སྨན་བཅོས་སྒྲིག་ཆས་ཞལ་འདེབས་ཕུལ་བ་རེད།