ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཀྲི་ཀང་དང་བཞུགས་མོལ་གནང་བ།
ཁྲེན་ཡུང་ཆི་ཞུགས་པ།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་ཀྲང་ཀྲི་ཀང་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་ཀུང་ཧུའེ་ཚའེ་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲང་ཀྲི་ཀང་དང་བཅས་པར་དགའ་བསུ་ཞུས་གནང་བ་མ་ཟད། རྒྱལ་ཁབ་གློག་དྲ་ཀུང་སིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེའང་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གློག་དྲ་ཀུང་སིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་གློག་དྲ་འཛུགས་སྐྲུན་དང་། དམངས་འཚོར་འགན་སྲུང་དང་ལེགས་གཏོང་། ཁ་གཏད་རོགས་སྐྱོར་སོགས་ཕྱོགས་མང་པོའི་ཐད་དོ་ཁུར་དང་རོགས་རམ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇཊ་སྲུང་བཅད་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུཊ་ཧ་ཅང་ཆེན་པོ་དང་མདུན་ལམ་ཡངས་པོ་ཡོད། རྒྱལ་ཁབ་གློག་དྲ་ཀུང་སིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཉམ་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཆུ་ཤུགས་དང་། འོད་ཤུགས། རླུང་ནུས། ཚ་ནུས་བཅས་གསབ་རེས་དང་གློག་ཁུངས་གློག་དྲ་དང་ཐེག་ནུས་གློག་གསོག་བཅས་གཞི་གཅིག་ཅན་མཐའ་འཁྱོངས་བྱེད་པ། ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་དང་། ནུས་ཆེ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་། ལེགས་སྤེལ་ཉེས་འགོག་དང་། ལེགས་ཆ་གསབ་རེས། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་བྱེད་པ། བོད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གློག་དྲའི་བཀོད་ཇུས་འཆར་འགོད་བྱེད་པ་དང་གློག་དྲ་ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་སྔར་བས་འདྲེས་པར་སྐུལ་འདེད་གཏོང་བ། རིག་སྟོབས་ཀྱི་འདེགས་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱིས་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕུལ་བྱུང་གི་ཤེས་ལྡན་པ་གནས་སྦྱར་སྤེལ་རེས་ལ་མངགས་ནས་ལུས་སེམས་གཉིས་ཀ་འདི་གར་གནས་ཐུབ་པ་བྱས་ཏེ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་གཞོལ་རྒྱུའི་རེ་བ་ཡོད།
ཀྲང་ཀྲི་ཀང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་དང་། གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་གློག་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ། གཙོ་གནད་ལས་གྲྭ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གློག་དྲ་གཙོ་བོའི་ཁྱབ་རྒྱ་ཆེ་རུ་གཏོང་བ་སོགས་ལ་མཉམ་ལས་ཟབ་ཏུ་བཏང་སྟེ། གློག་ཤུགས་མཁོ་སྤྲོད་འགན་སྲུང་དང་། ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད། བོད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།