དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-26

    ཚེས་23ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱ་རྒྱུའི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལས་ཞུགས་ལས་དོན་གྱི་ངེས་གནས་གསར་པ་དང་ལས་འགན་གསར་པ་འདི་རྩ་བར་འཛིན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་མཐོ་སློབ་སློབ་ཐོན་སློབ་མའི་གཙོ་གནད་ཚོགས་སྤྱི་འདིར་དམིགས་ནས། ཁྲོམ་ར་ཅན་གྱི་ལས་ཞུགས་ལ་ཁྲིད་སྟོན་དུ་བྱས་ཏེ་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེར་གཏོང་དང་། དོན་འཁྱོལ་ལས་གནས་འཚོལ་སྡུད། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན། འགན་འཁྲི་ནན་གཏོང་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་སྟེ། ལོ་མཇུག་ཏུ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།