2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ།
ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ།
ཟླ་8ཚེས་21ཉིན་གྱི་སྔ་དྲོར། 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བཞིན་པ།
ཚེས་21ཉིན་གྱི་སྔ་དྲོར། 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་སྐབས་འདིའི་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
ཆུ་ཚོད་10ཐོག་དེར་ཡོད་མི་རྣམས་ཀྱི་དགའ་འབོད་ཀྱི་སྒྲའི་ཁྲོད་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད།
འགྲན་ཞུགས་རྐང་འཁོར་རུ་ཁག་22ཀྱི་རུ་མིའི་འཐུས་མིས་སྔ་རྗེས་སུ་སྡིངས་ཆ་གཙོ་བོའི་ཐོག་ཡོང་བས་དེ་གར་ཡོད་པའི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
ཆུ་ཚོད་10དང་སྐར་མ་20ཙམ་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཤའོ་ཡིའུ་ཚའེ་དང་། ཀུང་ཧུའེ་ཚའེ། རྒྱལ་མཚན། ཝང་ཀང་བཅས་ཞུགས་པ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཤིས་ཚིག་བསྒྲོན་པ་རེད། རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ·ལཱ་ཕཱ་ཏི་ཨན་གྱིས་སྐབས་འདིའི་འགྲན་བསྡུར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
སྐབས་འདིའི་འགྲན་བསྡུར་དུས་ཡུན་ཉིན་ལྔ་ཡིན་ཞིང་། ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་བཅས་སུ་འགྲན་དུམ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་འགྲན་བསྡུར་དེ“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོར་ཕྱོགས་པ་དང་། ‘རྒྱུད་གཅིག་ལམ་གཅིག’དང་འབྲེལ་མཐུད། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས། ཕྱོགས་ཐོན་ཁུལ་ཆེན་འཛུགས་སྐྱོང”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། “གཞུང་ལམ་ཡག་ཤོས་སུ་རྐང་འཁོར་བཞོན་པ་དང་། ཧི་མ་ལ་ཡར་དགའ་ཞེན་བྱེད་པ”འབོད་ཚིག་ཏུ་བྱས་ཏེ། “འགྲན་བསྡུར+འཛད་སྤྱོད”དང་། “འགྲན་བསྡུར+རིག་གནས་ཡུལ་སྐོར” “འགྲན་བསྡུར+ཐོན་ལས”བཅས་ལ་དམིགས་ནས་སྒོ་དབྱེ་དང་། མཉམ་ལས། སྤེལ་རེས་བཅས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། འགྲན་བསྡུར་འདི་ཉིད་མཐོ་ཚད་གསར་པ་ཞིག་དང་ཆུ་ཚད་གསར་པ་ཞིག་ཏུ་གཉེར་ཐུབ་པ་བྱས་ནས་འཛམ་གླིང་གིས་བོད་ལ་རྒྱུས་མངའ་དེ་བས་ལེགས་པ་ལོན་པ་དང་བོད་དེ་བས་མྱུར་བའི་སྒོ་ནས་འཛམ་གླིང་དུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།