དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-23

    འདི་ནི་ཝང་ཅུན་ཀྲེང་གིས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་8ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་སྡེ་ཁུལ་དང་། ཁེ་ལས་ཀྱི་འཁོར་ཁང་། གནའ་གྲོང་གི་སྒོ་ར་ཆེན་པོ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་ཞུའི་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས།

    ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་སྡེ་ཁུལ་དང་། ཁེ་ལས་ཀྱི་འཁོར་ཁང་། གནའ་གྲོང་གི་སྒོ་ར་ཆེན་པོ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་། ཆོས་ཉིད་སྟངས་འཛིན། ལམ་སྲོལ་ལེགས་སྒྱུར། འགན་འཁྲི་ནན་དཀྲིས་བཅས་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། ལང་ཧྥུའུ་ཁོན། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཞུགས་ཡོད་པ་རེད།

    ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གིས་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྦྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཞིག་ཡིན་ཞིང་། ཝང་ཅུན་ཀྲེང་གིས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་དོན་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་ཞིང་། “སྤྱི་ཚོགས་ལས་དོན་པས་ཞིབ་ཕྲའི་ལས་ཀ་གང་དག་བྱེད་ཀྱི་ཡོད་དམ”དང“དུས་རྒྱུན་གྱི་ལས་ཀའི་ཁྲོད་བྱ་བ་གང་ཞིག་ལ་བག་ཆགས་ཟབ་ཤོས་ཡོང་གི་འདུག་གམ”གཞི་རིམ་ལས་བྱེད་པས་དུད་ཚང་དུ་འདྲི་རྩད་བྱེད་པར་བསྐྱོད་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་བ་དང་། འཇོན་ཐང་ཆེ་རུ་ཕྱིན་པ། གྲུབ་འབྲས་མང་པོ་ཐོབ་པ་བཅས་མཁྱེན་སྐབས་ཝང་ཅུན་ཀྲེང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་དངོས་སེམས་ནུས་ཡོད་རྒུས་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ནས་སྡེ་ཁུལ་དོ་དམ་ཞབས་ཞུའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱེད་པ་དང་། གྲོང་ཁྱེར་སྡེ་ཁུལ་གྱི་འགན་འཁྲིའི་དོན་ཚན་གསལ་པོ་བཟོ་བ། དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་གཤམ་སྐྱེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྡེ་ཁུལ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་སྨིན་ཅན་གྱི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་མིང་གྲགས་ཆེ་རུ་བཏང་སྟེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    བོད་ལྗོངས་ཧུང་ཆུས་སྐྱེ་དངོས་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ཝང་ཅུན་ཀྲེང་གིས་འཁོར་ཁང་དུ་ཕེབས་ནས་ཐོན་རྫས་ལ་གཟིགས་པ་དང་ངོ་སྤྲོད་གསན་རྗེས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཚན་རྩལ་ཞིབ་སྤེལ། མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་དང་སྟོབས་ཆེར་གཏོང་བ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་རིན་ཐང་འཁོར་འབྲེལ་གྱི་ནུས་པ་མཐོ་རུ་བཏང་སྟེ། གཞི་ཁྱོན་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་སྐུལ་འདེད་གཏོང་དགོས། བཟའ་བཅའི་ལས་རིགས་ཀྱིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། འགན་འཁྲི་དམ་འཛིན་ནན་པོ་དང་འགག་སྒོ་ནན་པོ་བསྲུངས་ཏེ་ནུས་ཤུགས་ཡོད་རྒུས་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་བོད་ལྗོངས་ལས་སྒོ་པུའུ་རུ་ཝང་ཅུན་ཀྲེང་གིས་རིག་ལྡན་གྲོང་ཁྱེར་དང་གྲངས་འཛིན་དཔལ་འབྱོར་སོགས་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་ཞིང་། ཁོང་གིས་ཁེ་ལས་ཀྱི་ལེགས་ཆ་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་གྲངས་འཛིན་ཅན་གྱི་ནུས་པར་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཉེར་སྤྱོད་གསར་སྤེལ་ཐད་མུ་མཐུད་འབད་བརྩོན་བྱེད་པ། གཉེར་སྐྱོང་ལས་ཕྱོད་ཆེ་རུ་གཏོང་བ། ཉམས་མྱོང་གསར་པ་གསོག་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་སའི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་ནི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ཀྱི་ལས་གྲྭ་ཞིག་རེད་ལ། འཕེལ་རྒྱས་ཀྱི་ལས་གྲྭ་ཞིག་ཀྱང་རེད། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་བོན་ཤོད་སྒོ་ར་དང་བཞི་སྡེ་དགོན་གྱི་སྒོ་རར་ཕེབས་སྐབས་ཝང་ཅུན་ཀྲེང་གིས་གཟིགས་ཞོར་དུ་བཀའ་འདྲི་གནང་བ་མ་ཟད། ད་དུང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས“རྙིང་པ་རྙིང་པ་ལྟར་ཉམས་བཟོ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་དང་། ཉམས་འགྱུར་ཆ་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་སྔར་ཡོད་ཀྱི་རྣམ་པར་གནས་ཐུབ་པར་བྱེད་དགོས་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་སྟེ་རིག་དངོས་ཀྱི་དོན་གོ་ཆོད་པར་བྱས་ཏེ་གནའ་གྲོང་སྲུང་སྐྱོང་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་སྤུས་དག་ཐོན་རྫས་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་རེད། ཁོང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། བག་མེད་ལྷོད་གཡེང་གི་བསམ་པ་དང་སྒྱིད་ལུག་གི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་བསྒྲུབས་ནས་ཡུན་རིང་བདེ་འཁོད་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཆེད་རྨང་གཞི་བརྟན་པོ་ཧུར་ཐག་འདིང་དགོས།

    འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་པའི་ཁྲོད་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་ལམ་སྲོལ་ལེགས་སུ་བཏང་སྟེ། འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་འདུམ་འགྲིག་ཐག་གཅོད། མཉམ་སྡེབ་གྲོས་མོལ་བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ཡག་པོ་བྱས་ནས། དབྱེ་ཞིབ་བརྡར་གཅོད་དང་། སྔོན་འགོག་ཚོད་འཛིན་དང་ཚོད་འཛིན་བརྟན་པོ། འདུམ་འགྲིག་ཐག་གཅོད་བཅས་ཀྱི་ནུས་པ་གསུམ་རང་འགུལ་ངང་ཆེ་རུ་གཏོང་བ་དང་སྟོབས་ཤུགས་མང་པོ་མཐུན་སྦྱོར་དང་། ཁག་བགོས་འདུམ་འགྲིག འགན་འཁྲི་ལྡོག་བཤེར་བཅས་ཀྱི་ལམ་སྲོལ་གསུམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཤུགས་ཆེར་གཏོང་བ་དང་། སྤྱོད་གོ་ཆོད་པའི་མ་དངུལ་མུ་མཐུད་རྒྱ་ཆེར་གཏོང་བ། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བཅས་བྱས་ཏེ་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་། ལེགས་གྲུབ། ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་རིགས་ཁག་གི་གཉེར་སྐྱོང་བྱེད་པོས་བློ་བདེ་པོས་མ་འཇོག་དང་། བློ་བདེ་པོས་ལས་རིགས་དར་སྤེལ་གཏོང་ཐུབ་པ། བློ་བདེ་པོས་ལས་གཏོད་ཐུབ་པ། སྤྲོ་སྣང་ལྡན་པའི་ངང་འཚོ་བ་སྐྱེལ་ཐུབ་པ་བཅས་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་པ། དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་བའི་བྱེད་ཐབས་སྔར་བས་མང་བ་སྤྱོད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་། སྨན་བཅོས་སྟབས་བདེ་བ། རྒན་གསོའི་ཞབས་ཞུ་སོགས་སྣ་མང་ཅན་གྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིར་ཁྱབ་པ་བཅས་བྱས་ནས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཐའ་མཚམས་འགག་སྒོ་གཙོ་བོ་དང་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། ལེགས་ཆ་གསབ་རེས་དང་། དགེ་སྤེལ་སྐྱོན་སྤང་། ཐུན་མོང་འཕེལ་རྒྱས་བཅས་དངོས་སུ་སྒྲུབ་ཐུབ་པ་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་དགོས། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་ཀྱི་ཆེད་དུ་གྲོང་ཁྱེར་ལེགས་པར་སྐྲུན་པ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་འཇགས་དང་། དེ་བས་སྟབས་བདེ། དེ་བས་སྐྱིད་སྣང་ལྡན་པ་བཅས་ཀྱི་འདུ་ཤེས་འཛུགས་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་ལེགས་པ་གཏོད་དགོས། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དུས་རབས་ཀྱི་ཉམས་འགྱུར་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། གནའ་གྲོང་གི་ཉམས་འགྱུར་ངེས་གནས་མཐའ་འཁྱོངས་བྱེད་པ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་སྟངས་འཛིན་བྱེད་པ། ལོ་རྒྱུས་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁྱད་ལྡན་རིག་གནས་དང་དེང་རབས་ཀྱི་ཉམས་འགྱུར་འབྲེལ་མཐུད་དམ་ཚགས་བྱེད་དགོས། གྲོང་ཁྱེར་གྱི་ས་ངོས་དང་ས་འོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་དང་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། གྲོང་ཁྱེར་གྱི་ས་ངོས་དང་ས་འོག་གི་མདོང་དྲའི་བཀོད་པ་དང་འཆར་འགོད་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཏན་ཏིག་སྐོང་དགོས། རྣམ་གྲངས་འཛུགས་སྐྲུན་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱེད་པ་དང་། སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། ལས་ཀ་བྱེད་ཐབས་ལ་དོ་སྣང་བྱེད་པ། དུས་ཚད་ནུས་གསུམ་སྟངས་འཛིན་བཅས་བྱས་ནས་ལས་དོན་ཁག་བརྟན་པོ་དང་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ་དང་། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་སློག་པ། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་ཡག་པོ་བཅས་བྱས་ཏེ། མང་ཚོགས་གྲོང་ཁྱེར་འཛུགས་སྐྲུན་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཇུག་སྒོ་གནད་འཁེལ་ངང་འཚོལ་བ་དང་། འགག་གནད་གནད་འཁེལ་ངང་འདེམས་པ། ཆོས་ཉིད་ལ་བརྩི་འཇོག རྩ་དོན་སྟངས་འཛིན་བཅས་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པ་དང་འཚམ་པའི་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྷ་སའི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཁོང་དུ་ཆུད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། དུས་བབ་ལ་ལྟ་ཞིབ་དང་དབྱེ་ཞིབ་ཀྱིས་ཆབ་སྲིད་ཀྱི་རྒྱུ་རྐྱེན་ལ་སྟངས་འཛིན་བྱེད་པ་དང་། ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་ལ་འཆར་འགོད་བྱེད་པ། གནད་དོན་ཐག་གཅོད་དང་ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་བྱས་ནས་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ལྟ་ཕྱོགས་གསར་པ་དང་འདུ་ཤེས་གསར་པར་བརྟེན་ནས་ལས་ཀར་བསམ་གཞིག་དང་ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་མཁས་པོ་བྱེད་པ། སྟབས་བདེ་ཅན་དང་ཕྱོགས་རེ་ཅན་འགོག་པ་བཅས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་བའི་ནུས་པ་ཆེ་རུ་གཏོང་བ་དང་ཏང་ཨུད་ཚན་ཁག་གི་མཉམ་སྡེབ་འགོ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ། ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་དང་། ལག་བསྟར་མཐའ་གཅིག་ཏུ་དང་ནུས་ལྡན། བྱ་བ་སྒྲུབ་པ་ཁྲིམས་དང་མཐུན་ཞིང་ལས་ཕྱོད་ཆེ་བ་བཅས་སྒྲུབ་ཐུབ་པ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ། ལས་ཀ་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ནས་ལས་དོན་ཁག་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།