ཝང་ཅུན་ཀྲེང་གིས་ཧྲན་ཏུང་སློབ་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་བཞུགས་མོལ་གནང་བ།
ཟླ་8ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་རེན་ཡིའུ་ཆུན་དང་། སློབ་སྤྱི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལི་ཧྲུའུ་ཚའེ་ཡིས་རུ་སྣེ་ཁྲིད་པའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་བཞུགས་མོལ་གནང་བ་རེད། འདི་ནི་བཞུགས་མོལ་གནང་བཞིན་པ།
ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་རེན་ཡིའུ་ཆུན་དང་། སློབ་སྤྱི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལི་ཧྲུའུ་ཚའེ་ཡིས་རུ་སྣེ་ཁྲིད་པའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་། སུན་ཤན་ཀྲུང་། ལང་ཧྥུའུ་ཁོན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རེན་ཡིའུ་ཆུན་དང་ལི་ཧྲུའུ་ཚའེ་དང་བཅས་པར་དགའ་བསུ་ཞུས་པ་དང་ཧྲན་ཏུང་སློབ་ཆེན་གྱིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། ཧྲན་ཏུང་སློབ་ཆེན་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་ཚན་ཆ་ཚང་བ། སྟོབས་ཤུགས་ཆེ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡིན་པས། སློབ་གསོ་པུའུ་ཡི་ཐད་གཏོགས་ཕྱོགས་བསྡུས་རང་བཞིན་གྱི་གཙོ་གནད་སློབ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ལ་ཕུལ་བྱུང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། དུས་ཡུན་རིང་པོའི་ནང་ཧྲན་ཏུང་སློབ་ཆེན་གྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་རྣམ་གྲངས་གལ་ཆེན་གྱི་ལག་རྩལ་འགག་སྒྲོལ་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་སུ་དགེ་མཚན་ལྡན་ལ་ཕན་ནུས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་ལས་དོན་ཁག་ལ་དེ་བས་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་། དགེ་སྐྱོན་གསབ་རེས། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས། ཧྲན་ཏུང་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་ལེགས་ཆ་བཅས་ལ་དམིགས་ནས་ཧྲན་ཏུང་སློབ་ཆེན་བོད་ལྗོངས་ཞིབ་འཇུག་ཁང་གི་སྦྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་བཏོན་ཏེ་ཕྱོགས་གཉིས་པོས་ཚན་ཞིབ་རྣམ་གྲངས་གལ་ཆེན་ལག་བསྟར་དང་། ལེགས་ཆའི་རིག་ཚན་གཏོད་པ། རྨང་གཞིའི་རིག་ཚན་འཛུགས་སྐྱོང་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བོད་ལྗོངས་སློབ་ཆེན་གྱིས་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་སློབ་མ་དེ་བས་མང་བ་བོད་དུ་ཡོང་བ་དང་བོད་དུ་རྩ་བ་ཚུགས་ནས་བློ་གྲོས་ལ་ཞུན་བརྡར་དང་འཇོན་ཐང་ཆེ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བར་ལྕག་སྐུལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རེན་ཡིའུ་ཆུན་དང་ལི་ཧྲུའུ་ཚའེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཧྲན་ཏུང་སློབ་ཆེན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་རེད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་དགོས་མཁོར་གཞི་ཚུགས་པ་དང་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། གཏིང་དེ་བས་ཟབ་པ་བཅས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།