ལྗོངས་ཡོངས་ཀྱི་དུས་ཚིགས་གསུམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་ཀའི་བཀོད་གཏོང་ཚོགས་འདུ་འཚོགས་པ།
ཚེས་16ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཚེ་རིང་ཕུན་ཚོཌ་ཀྱིས། ལྗོངས་ཡོངས་ཀྱི་དུས་ཚིགས་གསུམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་བཀོད་གཏོང་སྐུལ་སྤེལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་སྔར་བས་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་ཚིཌ་གསུམ་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་བཀོད་གཏོང་དང་སྐུལ་འདེད་བཏང་བ་རེད།
ཚེ་རིང་ཕུན་ཚོགས་ཀྱིས། ཐོན་ལས་ཀྱིས་སྐུལ་ཁྲིད་དང་། ལས་ཞུགས་གཞན་སྒྱུར། སྲིད་ཇུས་དོན་འཁྱོལ་སོགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལག་བསྟར་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་སྐྱེད་གཏོང་དགོས། རྟེན་གཞི་སྟོབས་ཆེར་གཏོང་བ་དང་། སྣེ་འདྲེན་སྐྱེད་སྲིང་། ལས་སྣོན་རིན་འཕར། མཉམ་འདྲེས་འཕེལ་རྒྱས། ནང་འདྲེན་དང་ཕྱིར་རྒྱ་སྐྱེད་བཅས་ཀྱི་བརྒྱུད་རིམ་ལྡན་པའི་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།