ལྗོངས་ཡོངས་ཀྱི་སྲིད་གྲོས(ཏང་འཛུགས་སྐྱོང)ལས་དོན་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཚེས་16ཉིན་ལྗོངས་ཡོངས་ཀྱི་སྲིད་གྲོས(ཏང་འཛུགས་སྐྱོང)ལས་དོན་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་སྲིད་གྲོས་དང་ཏང་འཛུགས་སྐྱོང་ལས་དོན་གྱི་གནས་ཚུལ་ཕྱོགས་སྡོམ་དང་སྤེལ་རེས་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ་དང་། ས་ལུང་ཕུན་ལགས། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུཌ་པ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུཌ་སྣོན་དང་། གཞུང་འཁྱོངས་གསར་འབྱེད། རྨང་རྩ་གཉིས་བརྟན། དཔུང་ཁག་གཉིས་ཆེར་གཏོང་། སྲིད་གྲོས་ལས་དོན་དུས་བསྟུན་མདུན་སྐྱོད་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་75འཁོར་བ། བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བ་བཅས་ལ་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།