དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ལས་རིགས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-19

    ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    ཤའོ་ཡིའུ་ཚའེ་དང་ལྕགས་རྭ་བློ་བཟང་བསྟན་འཛིན་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བོན་ཤོད་སྒོ་ར་དང་། ཞི་བདེ་དགོན་སྒོ་ར། བླ་བྲང་རྙིང་པའི་སྒོ་ར། དེ་བཞིན་ཚེ་སྨོན་གླིང་དགོན་བཅས་སུ་ཡན་ཅིན་ཧའེ་ཡིས་གནའ་བོའི་སྒོ་ར་སྲུང་སྐྱོང་དང་ཁྲོམ་གཞུང་རྒྱུད་ཀྱི་བཟོ་སྐྲུན་རྣམ་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་རྩ་བ་འཛིན་པ་དང་མི་རིགས་ཀྱི་བླ་སྲོག་སྲུང་བའི་མཐོ་ཚད་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་དང་། རྙིང་པར་བཟོ་བཅོས་བརྒྱབ་ནས་རྙིང་པ་ལྟར་བཟོ་བའི་རྩ་དོན་བཟུང་བ། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་ཉམས་གསོ་སྲུང་སྐྱོང་བྱེད་རིང་སྔར་ཡོད་ཀྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས། ལས་རྣམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་དང། རིག་གནས་སྔོག་འདོན་དང་ལས་རྣམ་གསབ་འཇུག་སོགས་ལ་བརྟེན་ནས་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། གནའ་བོའི་སྒོ་ར་ནས་སྐྱེ་སྟོབས་སྔར་བས་འཕེལ་བ་དང་དུས་རབས་གསར་པར་གསོན་ཤུགས་གསར་པ་རྒྱས་པ་དང་གཟི་འོད་གསར་པ་འཕྲོ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    བར་སྐོར་ཁྲོམ་གཞུང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་མང་ནའང་སྒྲིག་ལམ་སྔར་བཞིན་ཡག་པོ་ཡོད་ཅིང་། ཡན་ཅིན་ཧའེ་ཡིས་ཕེབས་ཀྱིན་ཕེབས་ཀྱིན་གཟིགས་ཀྱིན་གཟིགས་ཀྱིན་དུ་ཡུལ་སྐོར་བ་དང་མང་ཚོགས་ལ་ཐུགས་རྩ་འཁོལ་པོས་འཚམས་འདྲི་དང་བྱམས་བརྩེའི་བཀའ་མོལ་ཡང་ཡང་གནང་བ་མ་ཟད། ཚོང་ཁང་མང་པོ་ཞིག་ཏུ་ཕེབས་ནས་ཚོང་ཟོག་ལ་གཟིགས་པ་དང་རིན་གོང་དང་ཡོང་འབབ་བཀའ་འདྲི་གནང་བ་རེད། ཡན་ཅིན་ཧའེ་ཡིས་ཚོང་དུད་ལ་ཁ་དན་ཚིག་གནས་ཀྱིས་ཚོང་གཉེར་བྱས་ནས་འཛད་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་དེ། ཡུལ་སྐོར་བར་འཛད་སྤྱོད་དེ་བས་བློ་བདེ་དང་ཉམས་ལེན་དེ་བས་སྐྱིད་པོ་ཡོང་བ་བྱེད་དགོས་པའི་བཀའ་མངག་གནང་བ་རེད།

    ཡུལ་སྐོར་བ་དང་མང་ཚོགས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཏང་དམངས་ཞབས་ཞུའི་Vས་ཚིགས་དང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་འབྲེལ་མཐུད་ནུས་ལྡན་བྱས་ཏེ། སྨན་རྫས་དང་། གསོ་རླུང་། ཆུ་ཚ་པོ་སོགས་རིན་མེད་མཁོ་འདོན་བྱས་ནས་ཞབས་འདེགས་ལེགས་པར་ཞུ་གི་ཡོད། བར་སྐོར་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་Vས་ཚིགས་སུ་ཡན་ཅིན་ཧའེ་ཡིས་ངལ་གསོ་རྒྱག་བཞིན་པའི་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བར། ཡུལ་སྐོར་བས་ཏང་དམངས་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་རྣམས་ཧ་ཅང་སེམས་རྩ་འཁོལ་པོ་འདུག་པས་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག་ཅེས་ཞུས། ཡན་ཅིན་ཧའེ་ཡིས་ཁྱེད་ཚོ་བློ་ཡིད་ཚིམ་པ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་ཆེ་ཤོས་བྱས་པ་ཞིག་རེད། ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཚང་མར་དེ་བས་སྤུས་ལེགས་དང་། ནུས་ཆེ། སྙིང་ཉེ་བཅས་ཀྱི་ཞབས་འདེགས་ཞུས་ནས“ཏང་དང་མང་ཚོགས་སེམས་པ་གཅིག་མཐུན་དང་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་རྒྱུ”ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།