དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ།

    ཀའོ་ཡུན་ལུང་དང་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-19

    ཟླ་8ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་8ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀའོ་ཡུན་ལུང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག བོད་དུ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་མཆོང་སྐྱོད་རླབས་པོ་ཆེ་བྱུང་སྟེ། མི་རིགས་ཁག་གི་བུ་ཕྲུག་ཚོར་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་30ཡི་རིང་ཏང་གིས་དམངས་གཉེར་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྲེལ་ཟམ་དང་རམ་འདེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་རྒྱ་ཁྱབ་བྱེད་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། “སྐྱོན་བྲལ་གཉིས”ཀྱི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཅས་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སླད་ཕྱིན་

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་ལས་འགན་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། “སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་བའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཇོན་ཐང་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། དེས་ན་ལྗོངས་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་དང་ཆབ་སྲིད་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།  རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་འཇལ་བཅས་ཀྱི་དཔེ་མཚོན་ཞིག་ཏུ་རང་འགུལ་ངང་འགྱུར་བའི་ཁྲིད་སྟོན་བཅས་བྱེད་དགོས། “གཡོ་འགུལ་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་སྲིད་ཇུས་ཀྱི་ཁོར་ཡུག་དང་། ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་གི་ཁོར་ཡུག་བཅས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་བཏོན་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མཐུན་སྦྱོར་བྱས་ནས་ཐག་གཅོད་ཡག་པོ་བྱེད་པ། དམངས་གཉེར་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་གསོ་སྐྱོང་དང་དར་སྤེལ་བཏང་སྟེ། དམངས་གཉེར་ཁེ་ལས་མཁས་ཅན་ལ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་རང་འགུལ་ངང་སྤྱི་ཕན་བྱ་གཞག་ལ་ཞུགས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པའི་ཁྲིད་སྟོན་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་རྒྱག་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་ནུས་ཆེ་རུ་སྔར་ལས་ལྷག་པ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་དང་ལེགས་སུ་བཏང་ནས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་ཆ་རྐྱེན་ཡག་པོ་སྐྲུན་དགོས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་མཐུན་སྦྱོར་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས།

    ཚོགས་ཆེན་ཐོག་ལྗོངས་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱས་པ་རེད།

    ཚོགས་འདུ་མ་འཚོགས་གོང་ཝང་ཅུན་ཀྲེང་གིས་ཀའོ་ཡུན་ལུང་བཅས་པ་དང་བཞུགས་མོལ་གནང་བ་དང་འབྲེལ་ཚོགས་ཞུགས་འཐུས་མིར་ལྷན་དུ་མཇལ་འཕྲད་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་དང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཐང་མིང་དབྱིང་། ཞུས་ཀྲི་ཐའོ། རྡོ་རྗེ་ཚེ་སྒྲུབ། ང་ཕོད་འཇིགས་ཡོན། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥང་ཀོང་ཧྭ། ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཝུའེ་ཏོ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད། ལིའུ་ཅང་གིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་མཇལ་འཕྲད་ལའང་ཞུགས་པ་རེད།

    རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མི། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་སོགས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།