དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-17

    ཟླ་8ཚེས་14ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ། “1+6+1”རྩ་འཛུགས་ལས་དོན་གྱི་བཀོད་པ་ཧུར་ཐག་གཏོད་པ། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་ཟབ་ཏུ་གཏོང་བ་དེ་སེམས་ལ་ཟུག་པ་དང་རྒྱུན་རྣམ་དང་ཡུན་རིང་ཕན་འབྲས་ཐོན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་ལྕག་དང་འགན་འཁྲི་འཁུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ལས་ཁུངས་ཀྱི་སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ཐད་ལེགས་སྒྱུར་བསྡུ་སྒྲིལ་དང་མཐུན་སྦྱོར་ནུས་ཆེ་ཡོང་བར་སྣང་ཆེན་བྱེད་པ། ཁ་གཏད་བོད་སྐྱོར་ལས་དོན་ཐད་ལེགས་ཆ་ཧུར་ཐག་འདོན་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཐད་ཀྱི་བཅུར་བཀག་དང་ཞན་ཆ་རྒྱུན་མཐུད་སེལ་བ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཐད་ཤུགས་མང་ཙམ་རྒྱག་པ་དང་འགག་རྩར་དམ་འཛིན་བྱེད་པ། རྩ་འཛུགས་སྡེ་ཚན་རང་ངོས་འཛུགས་སྐྱོང་ཐད་དཔེ་སྟོན་ལས་ཁུངས་གཏོད་པ་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།