ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་14ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་གཅིག་སྡུད་ཐོག་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་དཔོན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཝང་དབྱི་མིང་གིས“ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་ཟུར་ཁྲིད་སྙན་ཞུ་གནང་བ་དང་། སྲིད་གཞུང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་སྐུལ་འདེད་ཏན་ཏིག་གཏོང་དགོས་ཏེ། གཅིག་ནས“གསར་བརྟེན་གསར་བསྟུན”མཐའ་འཁྱོངས་ཀྱིས་དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བའི“རྒྱལ་ཁ་ལེན་ཐུབ་པའི་ཐབས་ཇུས”ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་བརྟེན་གསར་བསྟུན་དང་གསར་བརྟེན་འགྱུར་ལྡོག་ཡོང་ཐབས་བྱས་ནས་ལམ་བུ་གསར་པ་འབྱེད་པ་དང་། གྲུབ་འབྲས་གསར་པ་གཏོད་པ། རྣམ་པ་གསར་པ་གཏོད་པ། ལེའུ་གསར་པ་རྩོམ་པ་བཅས་བྱེད་དགོས། གཉིས་ནས“གསར་བརྟེན་ནུས་སྤྲོད”མཐའ་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་རྨོངས་ཚོད་ངང་སྲོལ་རྒྱུན་ཐོན་ལས་འདོར་བ་དང་རྨོངས་ཚོད་ངང་གསར་དར་ཐོན་ལས་འགོ་འཛུགས་པའི“རྒྱུག་པ་ལེབ་བརྡུངས”ལྟ་བུ་མ་ཡིན་པར་ལག་རྩལ་གསར་པ་དང་། ལམ་སྲོལ་གསར་པ། བྱ་ཐབས་གསར་པ་བཅས་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་ལེགས་ཆ་གསར་པ་བཏོད་དེ་ཁྱད་ལྡན་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཐོན་ལས་སོགས་ཀྱི་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཏེ“ཤིང་སྡོང་རྙིང་པར་ལོ་འདབ་གསར་པ་རྒྱས་པ”བྱེད་པ་དེ་ཡིན། མཐོ་གསར་གྲངས་འཛིན་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཡང་བའི་བཟོ་ལས། ཀུན་སྤྱོད་མཁའ་འགྲུལ་སོགས་གསར་དར་ཐོན་ལས་ཀྱི་འཕར་གཞི་སྐྱེད་སྲིང་མགྱོགས་མྱུར་བྱས་ནས་ཐོན་ལས་གསར་པར་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། གསུམ་ནས“གསར་བརྟེན་ཤུགས་འདོན”གྱིས་ས་ཁོངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་སྟངས་གཙོ་བོ་འཚོལ་ཞིབ་གནད་སྨིན་བྱས་ནས་ཚོད་ལྟ་སྔོན་ལ་བྱེད་པ་དང་གནད་སྨིན་འཐུས་ཚང་བྱུང་རྗེས་ཁྱབ་གདལ་གཏོང་བའི་བསམ་ཕྱོགས་གཞིར་བཟུང་། ཚན་ཞིབ་གསར་གཏོད་དང་། གྲུབ་འབྲས་གཞན་སྒྱུར། ཐོན་ལས་འཕེལ་རྒྱས། དངུལ་རྩའི་རྒྱབ་སྐྱོར། སྲིད་ཇུས་གསར་འདོན་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ངལ་རྩོལ་དང་། ཤེས་ཡོན། ལག་རྩལ། དོ་དམ། མ་རྩ། གྲངས་གཞི། ཁོར་ཡུག་སོགས་ཀྱི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྲིད་ཇུས་ཀྱི་ལེགས་ཆ་གཅིག་ཏུ་འདུས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལས་ཀའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་ཏན་ཏིག་སྒྲིལ་བ་བཅས་བྱས་ཏེ། བཀྲག་མདངས་འཚེར་ས་གསར་པ་དང་། ཉམས་མྱོང་གསར་པ། དཔེ་སྟོན་གསར་པ་ཁག་གཅིག་གང་མགྱོགས་ཆགས་པར་བྱེད་དགོས།