དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཁུར་བླངས་འབྲེལ་གཏུག་ས་ཚིགས་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་དང་བཅས་པ་འཁུར་བླངས་འབྲེལ་གཏུག་ས་ཚིགས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་གནང་བ་དང་སྦྲགས། ཞིང་སྐྱོར་ཞིང་དར་དང་ནགས་དཔོན་ལམ་ལུགས་སོགས་ལ་དམིགས་ཏེ་བརྟག་ཞིབ་གནང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན། ནགས་དཔོན་ལམ་ལུགས་སོགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་མ་ཟད། ད་དུང“ཞིང་གསུམ”ལས་དོན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གཙོ་གནད་ལས་འགན་དོན་འཁྱོལ་ལ་མཛུབ་ཁྲིད་ཀྱང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྫོང་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ། ས་བབ་ཀྱི་སྟབས་བདེ་མངོན་གསལ་དོད་པོ་ཡོང་བ། སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱས་ནས“ཞིང་གསུམ”ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་དེང་རབས་ཞིང་ལས་ཐོན་ལས་གླིང་མགྱོགས་མྱུར་འཛུགས་སྐྲུན་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཟངས་གཏེར་སོགས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཡག་པོ། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕན་པ་གཏོད་པ་བཅས་བྱས་ཏེ་དེང་རབས་ཞིང་ལས་དང་། བཟོ་ལས་གཏེར་ཁ། ཡུལ་སྐོར་ཞབས་ཞུ་བཅས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བར་བྱེད་དགོས་པ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པས་འཁུར་བླངས་ཞབས་ཞུའི་འགན་ནུས་བསྒྲུབས་ཏེ་ཞབས་ཞུ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་ལས། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན། ནགས་དཔོན་ལམ་ལུགས་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།