དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྐུལ་སྤེལ་སྲོལ་ཡིག་དང་ཁྲིམས་འཛུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

    ཁྲེན་ཡུང་ཆི་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-14

     ཉེ་ཆར། ལྷ་སར་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྐུལ་སྤེལ་སྲོལ་ཡིག་དང་ཁྲིམས་འཛུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གྱི་སྐུལ་སྤེལ་སྲོལ་ཡིག་བཟོ་བ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་མཁོ་འདོན་ཐུབ་རྒྱུ་རེད།

    འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་དེ་བཞིན་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མཐོ་ཚད་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གྱི་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བཅའ་ཁྲིམས་ཡག་པོ་བཟོས་ནས་བཅོས་སྐྱོང་ལེགས་པོར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ནུས་ཤུགས་དང་། གོ་རིམ། ཕན་འབྲས་བཅས་ལྡན་པར་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། བརྟག་ཞིབ་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ཏེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྲོལ་ཡིག་གི་འཆར་ཟིན་ཡག་པོ་འགོད་དགོས། གཞི་རིམ་གྱི་བརྟག་ཞིབ་དང་། འཐབ་ས་དང་པོའི་བརྟག་ཞིབ། ལྗོངས་ཕྱི་རོལ་གྱི་བརྟག་ཞིབ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས“གོང་གི་གནས་ཚུལ་ཤེས་པ་དང་། འོག་གི་གནས་ཚུལ་ཤེས་པ། ནང་ཁུལ་གྱི་གནས་ཚུལ་ཤེས་པ། ཕྱི་རོལ་གྱི་གནས་ཚུལ་རྟོགས་པ”བཅས་བྱས་ཏེ་ཞུན་བརྡར་ཕྱོགས་སྡོམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཉམས་མྱོང་དང་བྱེད་སྟངས་བཟང་པོ་དག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་བརྟན་པོ་ཡོང་བར་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་འཛུགས་ཀྱི་ཟུར་ཚད་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་འབྲེལ་ཡོད་ལས་དོན་ཚད་ལྡན་དུ་གཏོང་བ་དང་། སྡོད་ཁང་དང་། འགྲིམ་འགྲུལ། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། དེ་བཞིན་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་དུས་མཉམ་དུ་འཆར་འགོད་དང་། འཛུགས་སྐྲུན། འཁོར་སྐྱོད་བཅས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་མཐའ་མཚམས་གྲོང་གསར་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཡག་པོ་སྲུང་ཐུབ་པ་བཅས་བྱེད་དགོས། དངོས་སྒྲུབ་གོ་ཆོད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་ཀའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་ཐུབ་པའི་རང་བཞིན་ཆེ་རུ་གང་ལེགས་གཏོང་དགོས། མཉམ་ལས་དམ་ཟབ་ཀྱིས་མཉམ་ཤུགས་ཆགས་པར་བྱས་ཏེ་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་གྲོང་ཁྱེར་དང་། ས་ཁུལ། སྡེ་ཚན་བཅས་ཀྱིས་གཞོགས་འདེགས་ལས་དོན་ཡག་པོ་བསྒྲུབས་ནས་མི་སྣའི་སྟོབས་ཤུགས་ཕུན་སུམ་ཚོགས་སུ་གཏོང་དགོས། ལས་ཀའི་ཆེད་དོན་ཚན་ཁག་གིས་འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་ཀྱིས་དུས་ཚོད་དང་མཚམས་ཚིགས་ནན་པོ་གཞིར་བཟུང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་ཁྲིམས་འཛུགས་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།