དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-12

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག 2014ལོའི་ཟླ་8པར། ཁྲོན་བོད་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་བསྐྱར་དྲན་བྱས་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དེ་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པ་ཞིག་ཡིན་ཞིང་། དེར་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་གྱི་ཡོད། དེ་ནི་བོད་ཀྱི་ལས་དོན་ལ་ཁས་ལེན་གནང་བ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་བློ་མཐུན་ཡོངས་ལ་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཀྱང་རེད།

    ཝང་ཅུན་ཀྲེང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འགྲིམ་འགྲུལ་གྱི་བཅུར་འགག་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བཞིན་ཚོད་འཛིན་ཕོག་པའི་དངོས་ཡོད་གནད་དོན་ཞིག་རེད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ལྷག་པར་དུ། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བའི་ཁར། ཕུགས་བསམ་དང་དད་སེམས་བརྟན་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་མཁན་གྱི་ལག་ལེན་པ་རྣམ་དག་ཅིག་བྱེད་དགོས་པ་དང་། དཔའ་བོ་དང་དཔེ་བཟང་མིག་དཔེ་དང་ཚད་ཤིང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཀྱི་ཀལ་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ། མར་ཁེ་སི་རིང་ལུགས་ལ་འཛིན་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཡིད་ཆེས་བྱེད་སེམས་བཅས་བརྟན་དུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། གྲུབ་འབྲས་རྩེ་གྲ་གཏོད་ཕོད་པ་བཅས་བྱས་ནས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་མཁན་གྱི་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་དགོས། “སྤྱི་ཡོངས་གཉིས”སེམས་ལ་འཆང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”ལ་དོ་ཁུར་བྱས་ཏེ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་གནམ་ཐང་བཅས་རྐང་འཛིན་དུ་བྱེད་པ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་གཙོ་བོར་བྱེད་པའི་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། ཤེས་དཔལ་ཡར་ཐོན་གྱི་ལམ་བུ། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་ཧུར་ཐག་སྐྲུན་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་ལ། བོད་འདི་ཉིད་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་མགྱོགས་མྱུར་མཉམ་འདྲེས་ཐུབ་པར་སྐུལ་འདེད་ཀྱང་གཏོང་དགོས། “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་འབད་འཐབ་ལྷོད་མེད་བྱེད་མཁན་ཞིག་བྱེད་དགོས། དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྲ་བརྟན་དུ་གཏོང་བ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་བརྒྱབ་སྟེ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།