དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་ཅིག་གི་ཐོན་སྐྱེད་དང་གཉེར་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-09

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་དང་གཉེར་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཀརྨ་ཚེ་བརྟན་ལྷ་ས་སྦི་རག་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སི། བོད་ལྗོངས་ཞུའེ་ཁྲུའུ་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་སྙན་སེང་གསན་པ་དང་། ཐོན་སྐྱེད་ཀྱི་སྒྲུབ་རིམ་དང་ཐོན་རྫས་ལ་གཟིགས་ཞིབ་གནང་ནས་ཁེ་ལས་ཀྱི་ཐོན་རྫས་བྲིན་ཚོང་དང་། ཐོན་རྫས་གསར་པ་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་གྱིས་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ཚོམས་ཆེན་དང་། བོད་སྨན་སྨན་རྒྱུའི་འདྲ་དཔེ་ཁང་། ཐོན་སྐྱེད་འཁོར་ཁང་བཅས་སུ་གཟིགས་སྐོར་གནང་ནས་བོད་སྨན་ཞིབ་སྤེལ་གྱི་གྲུབ་འབྲས་སྐོར་ནན་ཏན་ངང་གསན་པ་རེད།

    བརྟག་ཞིབ་བྱེད་རིང་། ཀརྨ་ཚེ་བརྟན་གྱིས་འབྲེལ་ཡོད་ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་ལ་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཧུར་ཐག་བཏང་ནས། ཚོང་གཉེར་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་ཁེ་ལས་ལ་གཟིགས་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཕྲ་དང་། ཁེ་ལས་འཕེལ་རྒྱས་གཏོང་རིང་གི་དཀའ་ངལ་དངོས་མཐུན་སྦྱོར་ཐག་གཅོད་བྱས་ཏེ་དེ་བས་དྲ་གཞག་དང་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།