དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསོད་ནམས་ཉི་མས་འབྲས་སྤུངས་དགོན་དང་སེ་ར་དགོན་གྱི་གོས་སྐུ་འགྲེམས་པའི་བྱེད་སྒོར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-06

    ཚེས་4ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་རུ་སྣེ་ཁྲིད་དེ་འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཕེབས་ནས་དགོན་སྡེ་དོ་དམ་སྒྲིག་གཞིའི་མི་སྣའི་ལས་ཐོག་ལས་འགན་བསྒྲུབས་ཚུལ་དང་། ལས་རེས་ལས་ཁྲིད་བྱས་ཚུལ། གོས་སྐུ་འགྲེམས་པའི་བྱེད་སྒོའི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་སྦྲགས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་ཡང་ཞུས་པ་རེད།

    བསོད་ནམས་ཉི་མས་གོས་སྐུ་འགྲེམས་པའི་བྱེད་སྒོའི་ལས་དོན་ཁག་སྤེལ་ཚུལ་ལ་ཁས་ལེན་གནང་བ་དང་སྦྲགས། ཁོང་གིས་ཞོ་སྟོན་ནི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་བྱེད་སྒོ་ཆེ་གྲས་ཤིག་ཡིན་པས། བྱེད་སྒོར་ཞུགས་མཁན་དད་ལྡན་མང་ཚོགས་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། ཡུལ་སྐོར་བ་བཅས་མང་བ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཡང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོས་ངེས་པར་དུ་ཞོ་སྟོན་གྱི་གོས་སྐུ་འགྲེམས་པའི་བྱེད་སྒོའི་ལས་དོན་ཁག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཐོག་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་བྱས་ཏེ་སྐྱོན་བྲལ་བདེ་འཇགས་དང་བཀྲ་ཤིས་རིམ་ལྡན་གྱི་དུས་ཆེན་གྱི་རྣམ་པ་གཏོད་དགོས་ཞེས་གསུངས་པ་རེད།

    བསོད་ནམས་ཉི་མས་ནན་བཤད་གནང་དོན། ཞོ་སྟོན་གྱི་ལས་དོན་ཁག་ནང་ཞུགས་མཁན་སྡེ་ཚན་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཐོག་ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ཏེ། བྱང་ཚད་མཐོ་བ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཞོ་སྟོན་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།