ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཟླ་7ཚེས་31ཉིན་ནས་ཟླ་8ཚེས་2ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་གྱི་ཁུར་པོ་ཡང་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོའི་ར་མཉེ་འདེབས་འཛུགས་རྟེན་གཞིར་བརྟག་ཞིབ་གནང་བཞིན་པ།
ཟླ་7ཚེས་31ཉིན་ནས་ཟླ་8ཚེས་2ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་གྱི་ཁུར་པོ་ཡང་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྨན་གླིང་གྲོང་ཁྱེར་དུང་མཚོ་སྡེ་ཁུལ་དུ་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་སྡེ་ཁུལ་བཅོས་སྐྱོང་དང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་། དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། བརྩེ་བ་ཟབ་མོས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ལེགས་པར་སྒྲུབ་པ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།
ཟླ་7ཚེས་31ཉིན་ནས་ཟླ་8ཚེས་2ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་གཞི་རིམ་གྱི་ཁུར་པོ་ཡང་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། རིམ་ཁག་ལས་བྱེད་པ་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ནན་པོ་དང་རྨང་གཞིར་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ། བརྩེ་བ་ཟབ་མོས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཡག་པོ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཉིན་ཤས་བསྟུད་མར། ཝང་ཅུན་ཀྲེང་གྲོང་གསེབ་དང་། སྡེ་ཁུལ། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་བཅས་སུ་ཕེབས་ནས་བརྟག་ཞིབ་དང་སྒྲོག་འགྲེལ་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་འགུལ་སྤེལ་རེས་ཀྱིས་མྱོང་ཚོར་དང་། སྒྱུར་བཅོས་གླེང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པའི་ལྟེ་བའི་དོན་སྙིང་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དེའི་ནང་གི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་དགོས་པ་དང་འབྲེལ། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱང་བྱེད་དགོས།
གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”རེད། བྲག་ཡིབ་ཆུས་ཨུད་སྤྱོད་ཚུལ་གཞུང་ལས་ཁང་དང་། ཆུས་ཁུར་པོ་ཡང་གཏོང་གཞུང་ལས་ཁང་། ཆུས་སྲིད་གཞུང་སྤྱི་ཁྱབ་ལས་རེས་ཁང་། བྲག་ཡིབ་ཆུས་ཉང་ཆུ་སྡེ་ཁུལ། སྨན་གླིང་གྲོང་ཁྱེར་དུང་མཚོ་སྡེ་ཁུལ་དང“གཅིག་འཐུས་རྣམ་པའི”རྩོད་གཞི་དང་འགལ་ཟླ་འདུམ་འགྲིག་ལྟེ་གནས་བཅས་སུ། ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་སྡེ་ཁུལ་བཅོས་སྐྱོང་དང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་། དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་གཞི་རིམ་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ། ཉིང་ཁྲིས་གཞི་རིམ་བཅོས་སྐྱོང་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ས་གནས་ཁག་གི་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གནས་ཚུལ་མ་ཐོན་གོང་གི་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབྱུང་རྩ་ནས་བཅོས་སྐྱོང་དང་། གྲལ་བཤེར་འདུམ་འགྲིག་ཐག་གཅོད། མཉམ་སྡེབ་གྲོས་མོལ་བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། སྔོན་འགོག་ཚོད་འཛིན་དང་ཚོད་འཛིན་བརྟན་པོ། འདུམ་འགྲིག་ཐག་གཅོད་བཅས་ཀྱི་ནུས་པ་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྟོབས་ཤུགས་མང་པོ་མཐུན་སྦྱོར་དང་། ཁག་བགོས་ནས་འགལ་ཟླ་སེལ་བ། འགན་འཁྲི་ལྡོག་བཤེར་བཅས་ཀྱི་ལམ་སྲོལ་གསུམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་གི་བྱེད་ཐབས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་བེད་སྤྱོད་གཏོང་སྟངས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱིས་ཆ་འཕྲིན་ཅན་གྱི་ལས་སྟེགས་བེད་སྤྱོད་ཤེས་པ་དང་། བེད་སྤྱོད་ཐུབ་པ། བེད་སྤྱོད་ཡག་པོ་བཅས་ཡོང་བར་བྱེད་དགོས། གཞི་རིམ་བཅོས་སྐྱོང་གི་དམག་འཐབ་མཁར་རྫོང་བརྟན་པོ་སྐྲུན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་རྒྱུན་མཐུད་བྱེད་པ། སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་དུ་ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། རང་རྟོགས་ངང་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ། བརྩེ་བ་ཟབ་མོས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ཡག་པོ་སྒྲུབ་པ། གཞི་རིམ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་དང་རེ་འདུན་ལ་བསམ་གཞིག་དང་བསམ་ཤེས་མང་ཙམ་བྱེད་པ། མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་གཏོང་གི་ལས་ཀ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་རྒྱུན་མཐུད་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཐོག་མཐའ་བར་གསུམ་དུ་དམ་ནན་གྱི་རྩ་བའི་དགོངས་གཞི་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་བྱས་ནས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཁར། ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་སློབ་གསོ་ཁྲིད་སྟོན་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་དགོས། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞི་རིམ་ལ་འགན་འཁྲི་དང་དབང་ཆ་ཡོད་པ་དང་འགན་འཁྲི་དང་དབང་ཆ་འཚམ་མཐུན་ཡོང་བར་བྱེད་པ་དང་། གཞི་རིམ་གྱི་ལས་དོན་གསལ་ཐོ་ཅན་དང་། ལམ་སྲོལ་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་བཏང་ནས་རིམ་པ་ཁག་གི་ལས་བྱེད་པར་གཞི་རིམ་དུ་ཟབ་འཇུག་གི་དུས་ཚོད་དང་ནུས་ཤུགས་སྔར་ལས་མང་བ་ཡོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དུ་འཇུག་དགོས།
ཁྲོན་བོད་ལྕགས་ལམ་ནི་ཝང་ཅུན་ཀྲེང་གིས་འགན་འཁྲི་གཙང་ལེན་གནང་བའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་རེད། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་རྗེས། ཝང་ཅུན་ཀྲེང་གིས་འཐབ་ས་དང་པོའི་ལས་བཟོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་འཛུགས་སྐྲུན་གྱི་འཕེལ་རིམ་དང་ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་ཆེ་རུ་གཏོང་རྒྱུར་འགན་ལེན་བྱེད་དགོས། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་དམངས་འཚོ་ལེགས་སུ་གཏོང་བ་དང་། ས་གནས་དེ་གར་ཕན་པ་འདོགས་པ། མཐུན་སྒྲིལ་ཟབ་ཏུ་གཏོང་བ། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོ་བཟོས་ནས་ཐབས་ལམ་མང་པོའི་ལས་ཞུགས་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲིས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་དོན་འཁྱོལ་འཛུགས་སྐྲུན་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ནས“མི་ཚང་མ་ནང་ངོས་ཀྱི་མཐུན་རྐྱེན་ཡིན་པའི”འདུ་ཤེས་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། གནད་སྨིན་ཇུས་བསྟར་མངོན་གསལ་དོད་པ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ཞིང་འབྲོག་ཁྱད་ལྡན་ཐོན་ཟོག་ལས་སྣོན་ཞིབ་ཚགས་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་ཚན་ཐོན་ལས་རྣམ་གྲངས་འཕེལ་རྒྱས་དང་སྟོབས་ཆེར་རྒྱུན་མཐུད་གཏོང་བ། ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།