དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དོན་འཁྱོལ་བྱས་ཚུལ་དང་ལྷག་པའི་གནད་དོན”ཐད་ཀྱི་ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-31

    ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དོན་འཁྱོལ་བྱས་ཚུལ་དང་ལྷག་པའི་གནད་དོན”ཐད་ཀྱི་ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་གནད་དོན་གྱི་ཞན་ཆར་དམིགས་པ་དང་། ཕྱོགས་ཁག་གི་བསམ་འཆར་ཉན་པ། ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་འདོན་པ་བཅས་བྱས་ཏེ་རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོ་འགན་བཅོལ་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་བ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག རྒན་གསོ་འགན་བཅོལ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འཚོ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། རིམ་ཁག་སྡེ་ཚན་ཁག་གིས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལས་འགན་སྒྲུབ་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་བྱེད་པ། བོད་ཀྱི་དོན་དངོས་དང་འཚམ་པའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་དང་བྱ་ཐབས་སྔ་སྣུར་དུ་ཇུས་འགོད་བྱེད་པ། ཞན་ཆ་སེལ་བ་དང་གནད་དོན་ཐག་གཅོད་མགྱོགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་རྒན་གསོ་འགན་བཅོལ་གྱི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གྲོས་ཨུ་ཡོན་གྱིས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་དོན་འཁྱོལ་བྱེད་པའི“དྲིལ་བསྒྲགས་པ”དང་། “ཇུས་འདོན་པ” “ལྟ་སྐུལ་པ”བཅས་ཡག་པོ་བྱས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་ནས་ད་ཐེངས་ཀྱི་ཁ་གཏད་གྲོས་མོལ་གྱི་གྲུབ་འབྲས་གཞན་སྒྱུར་གྱི་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ། རང་ལྗོངས་ཀྱི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།