དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་16པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    ཚེས་23ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་16པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། སྒྲོལ་དཀར། ཝང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ལས་དོན་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན(ཏང་འཛུགས་སྐྱོང)སྤེལ་རེས་བཞུགས་མོལ་ཚོགས་འདུའི་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། གྲོས་གཞིའི་ལས་དོན་སྲོལ་ཡིག་དང་ཀྲུའུ་ཞི་ཚོགས་འདུའི་ཐོག་སྒྲིག་འགལ་ཁྲིམས་འགལ་གྱི་སྲིད་གྲོས་ཨུ་ཡོན་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་དབང་ཆ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་པ། “ཨུ་ཡོན་གྱི་གཏམ་རྒྱུད”ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བསྡུ་སྒྲིག་བྱ་རྒྱུའི་སྐོར་གྱི་ལས་དོན་ལ་ཞིབ་འཇུག་བྱས་པ། འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་ཞིབ་བྱས་པ་བཅས་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གྲོས་ཏང་ཙུའི་བཀོད་སྒྲིག་གཞིར་བཟུང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་སྟེ། དྲིལ་བསྒྲགས་དང་ལག་བསྟར་དམ་འཛིན་ཏན་ཏིག་བྱས་ཏེ། “གྲོས་གཞི་མང་བ་ལས་སྤུས་དག་གཙོ་ཆེའི”བླང་བྱ་ལག་བསྟར་བྱས་ནས་གྲོས་གཞིའི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ། “ཨུ་ཡོན་གྱི་གཏམ་རྒྱུད”བསྡུ་སྒྲིག་ཡག་པོ་བྱས་ཏེ། “ལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། མཐུན་སྒྲིལ། མི་སྣ་གསོ་སྐྱོང”བཅས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།