དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-24

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱས་ཚུལ་དང་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཞིབ་འཇུག་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་རྣམ་གྲངས་འཆར་གཞི་སྔ་སྣུར་ནས་འཆར་འགོད། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་དང་རྣམ་གྲངས་ཀྱི་གཙོ་རྒྱུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཆར་འགོད་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་བ། ཨར་ལས་ཀྱི“དུས་ཚོད་ཡག་ཤོས”དམ་འཛིན་བཅས་བྱས་ནས་སྐྲུན་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཡིད་རྟོན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིད་རྟོན་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་འགུལ་རྣམ་ཚད་འབེབས་ཡིད་རྟོན་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་ཀྱི་ཚེ་གང་འགན་འཁྲིའི་ལམ་ལུགས་དང“མིང་ཐོ་ནག་པོའི”ལམ་ལུགས་དོན་འཁྱོལ་བཅས་བྱས་ནས་ཁྲོམ་རའི་ཁོར་ཡུག་ནུས་ལྡན་ངང་ལེགས་སུ་གཏོང་དགོས། སྐྱེལ་འདྲེན་ཁྲོམ་རའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བཟོ་སྐྲུན་གྱི་འགྲོ་གྲོན་ཚོད་འཛིན་དམིགས་ཚད་མ་ལག་ཡག་པོ་སྤྱོད་པ། འགྲོ་ལམ་བདག་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་འགན་ལེན་བརྟན་པོ་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འགྲིམ་འགྲུལ་རྣམ་གྲངས་འཆར་འགོད་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་པ་དང་། “འཛུགས་གཏོད་བཞིར”དམིགས་པ་དང་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་ལ་དམིགས་པ། རང་འགུལ་ངང་ཕྱོགས་ཁག་གི་དགོས་མཁོ་དང་འབྲེལ་མཐུད་བཅས་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འགྲོ་ལམ་དང་ཐོན་ལས་མཉམ་འདྲེས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། འགྲིམ་འགྲུལ་གྱི་སྔོན་སྐྱོད་པའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།