དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2024ལོའི་པུའུ་དོན་ཚོགས་འདུ་ཐེངས་10པ་གཙོ་སྐྱོང་གནང་བ།
ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2024ལོའི་པུའུ་དོན་ཚོགས་འདུ་ཐེངས་10པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་བསྟན་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་རང་རྟོགས་ངང་འགན་འཁྲི་འཁུར་བ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། གནམ་གཤིས་དང་འཕྲལ་སྡོམ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱིས་རང་བྱུང་གནོད་འཚེ་སྔོན་འགོག་ཐད་སྤེལ་བའི་ལས་དོན་ཁག་དྲིལ་བསྒྲགས་དང་འཕྲིན་སྤེལ་ཧུར་ཐག་བྱེད་པ་དང་། ཐོལ་བྱུང་དོན་རྐྱེན་ལ་དམིགས་པའི་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱེད་པ། སྔོན་ཐོན་དང་དཔེ་མཚོན་བྱས་རྗེས་སྐོར་གྱི་འཕྲིན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་བཟང་པོ་ཞིག་གཏོད་དགོས།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་གོ་བ་ལེན་པ་དང་བསམ་གཞིག་གཏིང་ཟབ་རྒྱུན་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་ལེན་ལ་མཐོང་ཆེན་དང་། ཏང་གཤིས་བརྟན་གཏོང་། ནུས་པ་ཆེར་གཏོང་། འཇོན་ཐང་ཆེར་གཏོང་བཅས་ཟུང་འབྲེལ་བྱས་ནས། རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། དུས་དང་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“སྤྱིའི་འགག་སྒོ”དམ་དུ་གཏོང་བ་བཅས་བྱས་ནས། རུལ་འགོག་འགྱུར་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་ཀར་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་ཡོང་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམིགས་ཏེ་སྔོན་ཚུད་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་མངོན་འགྱུར་དང་ལྷག་པར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་སྐོར་གྱི་ཀྲུང་དབྱང་གི་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།