དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2024ལོའི་ཚོགས་འདུ་ཐེངས་10པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    ཟླ་7ཚེས་10ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2024ལོའི་ཚོགས་འདུ་ཐེངས་10པ་འཚོགས་ཏེ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་གློག་འཕྲིན་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་པ་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལས་དོན་ལ་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་སྨད་ཀྱི་སྲིད་གྲོས་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བཀོད་གཏོང་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཟབ་སྦྱོང་ཞིབ་རྟོགས་ཁྲོད་དགོངས་པའི་སྟོབས་ཤུགས་རླབས་པོ་ཆེ་ཤེས་ཚོར་དང་། ཚད་གཞི་དང་ཡང་ཡང་བསྡུར་བའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་རྩ་བར་འཛིན་ནས་གོ་ཆོད་པའི་ཐབས་ཇུས་མང་ཙམ་འདོན་པ་དང་སྐུལ་འདེད་གཏོང་བའི་སྟོབས་ཤུགས་མང་ཙམ་འདོན་དགོས་པ་དང་ཆབས་ཅིག སྤུས་ཚད་མཐོ་བའི་གྲོས་གཞི་བཏོན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཀྱང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་། “གཟུགས་བརྙན་གཏོད་པ”དང“བླ་སྲོག་གཏོད་པ”ཟུང་འབྲེལ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དོན་འཁྱོལ། ལས་བྱེད་པར་དོ་དམ་བྱེད་པར་དམ་འཛིན་ནན་པོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་དང་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྒྲིག་ཁྲིམས་རང་བཞིན་དེ་ལག་ལེན་བསྟར་ནུས་དང་ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བ་བྱས་ཏེ་ཞབས་འདེགས་ནུས་ལྡན་ཞུ་བར་སྲིད་གྲོས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།