དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-11

    ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོཊ་འདུ་འཚོཊ་ནས་དུས་མཚམས་གོང་མའི་ལས་དོན་ལ་ཕྱོཊ་སྡོམ་དང་གོམ་སྟབས་རྗེས་མའི་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོཊ་འདུར་ཞུཌ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཧྲན་ཏུང་དང་། མཚོ་སྔོན། ཉིང་ཞ་བཅས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་བླང་བྱ་ནན་པོ་དང་སྤྱོད་ཚུལ་དངོས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཁུར་ལེན་ལས་སྒྲུབ་ལ་སྐུལ་ལྕག་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་ལ་ཕན་འབྲས་དངོས་ཐོན་པ་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་རང་འགན་གཙང་སྒྲུབ་དང་རང་འགུལ་ལས་སྒྲུབ་བྱེད་པར་སྣེ་ཁྲིད་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་བླང་བྱ་དང་གཙོ་གནད་ལས་དོན་ལ་དམ་པོར་གཞིགས་ནས། བྱེད་ཐབས་དང་ཕན་འབྲས་དང་། ཁྱད་ཆོས་གཙོ་བོ། ཉམས་མྱོང་བློ་འབྱེད་ལྡན་པ་བཅས་སྔ་སྣུར་དུ་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱེད་པ་དང་། དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པར་བརྟེན་ནས་གཏན་འཁེལ་བྱས་ཏེ་ལག་བསྟར་ཐུབ་པ་དང་། ཏན་ཏིག་སྒྲུབ་ཐུབ་པ། ཡུན་རིང་གོ་ཆོད་པ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།