དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་2024ལོའི“སྲིད་གྲོས་སློབ་ཁང”གི་འཆད་ཁྲིད་ཐེངས་དྲུག་པ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“སྲིད་གྲོས་སློབ་ཁང”གི་འཆད་ཁྲིད་ཐེངས་དྲུག་པ་གཉེར་ཞིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་མཚོ་བོད་ས་མཐོའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དཔོན། ཨ་རིའི་སའི་གོ་ལའི་དངོས་ལུགས་རིག་པ་མཉམ་འབྲེལ་ལྷན་ཚོགས(AGU)ཀྱི་ཧུའེ་ཧྲི་བཅས་ཡིན་པའི་ཡའོ་ཐན་ཏུང་གདན་དྲངས་ནས། “མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་པར་ཞབས་འདེགས་ཞུ”བར་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཕེབས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་གིས་གཙོ་སྐྱོང་གནང་བ་རེད།

    ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཚན་རིག་གི་དོན་སྙིང་དང་། རྒྱལ་ཁབ་ཀྱི་འཐབ་ཇུས། ཚན་རིག་གི་ཁྱད་ཆོས། སྤྱི་ཚོགས་ཀྱི་ཕན་འབྲས། དེ་བཞིན་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ངེས་གནས་ཀྱི་དམིགས་ཚད་དང་འཕེལ་རིམ། འབྱུང་འགྱུར་གྱི་ཁ་ཕྱོགས་སོགས་ལ་གཞིགས་ཏེ་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད།

    བྱེད་སྒོར་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་བདེ་འཇགས་དང་ཐཱན་གཉིས་དམིགས་ཚད། མི་དང་རང་བྱུང་ཚེ་སྲོག་གཅིག་མཐུན་ཚོགས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་ཚོའི་རིག་འདུས་ལེགས་ཆ་འདོན་པ་དང་། སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་ལ་བརྟེན་ཏེ་མཚོ་བོད་ས་མཐོའི་ལྗང་མདོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་གཞོགས་འདེགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།