དབང་ཧའེ་ཀྲོའུ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུར་ཞུགས་པ།
ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྲུན་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བརྙན་ལམ་གྱི་ཐབས་ལམ་ནས་འཚོགས་ཤིང་། ཚོགས་འདུའི་ཐོག་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གཙོ་རྒྱུན་གླེང་ཕྱོགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ཉམས་མྱོང་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་འགན་ཁ་གསལ་འདོན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ས་ཁུལ་དང་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ལས་འགན་ལ་དམིགས་ཏེ་གནད་དོན་གྱི་སྟོན་ཕྱོགས་དང་། གྲུབ་འབྲས་ཀྱི་ཕྱོགས་སྟོན། དམིགས་ཚད་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱེད་པ་དང་། “དྲ་བ་གཅིག”གི་འདུ་ཤེས་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་བརྟན་པོར་འཛུགས་པ། རིམ་ཁག་སྨྱན་སྦྱོར་མཉམ་འདྲེས་ལས་སྟེགས་བསྐྲུན་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ནང་དོན་བཟོ་སྒྲིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པ་དང་ཤེས་ལྡན་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པ། ཏང་གིས་དྲ་སྦྲེལ་ལ་དོ་དམ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་འགྱུར་ལྡོག་ཤེས་རྟོགས་དང་འགྱུར་ལྡོག་ལ་བསྟུན་པ་དང་སྒྱུར་བཅོས་ཐད་ཚད་བརྒལ་གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་རང་ལྗོངས་ཀྱི་གླེང་ཕྱོགས་ཁྱབ་སྤེལ་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།