དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་གསུམ་པའི་ཏང་ཀྲི་པུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-04

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རྩ་འཛུགས་ཁྲུའུ་གསུམ་པའི(ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གཞུང་ལས་ཁང)ཏང་ཀྲི་པུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུར་ཞུགས་ནས་ཀྲི་པུའི་ཏང་ཡོན་དང་མཉམ་དུ་སློབ་སྦྱོང་བགྲོ་གླེང་དང་མྱོང་ཚོར་སྤེལ་རེས་གནང་བ་རེད།

    ལའེ་ཅའོ་ཡིས། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་དང་འགན་འཁྲི་ཆེན་པོ་ལྡན་ཞིང་། དེ་གཞི་རིམ་གྱི་རྨང་གཞི་བརྟན་གཏོང་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་བཅས་དང་འབྲེལ་བ་ཡོད། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་མཐོ་རུ་ཏན་ཏིག་བཏང་ནས“ངེས་གནས་དང་། གནས་བབ། ནུས་པ”བཅས་ཀྱི་གཏན་ཚིགས་ཀྱི་འབྲེལ་བར་གོ་བ་ཟབ་མོ་ལེན་པ། “ཚད་འཛུགས་དང་། ཚད་བསྡུར། ཚད་ལོན”བཅས་ཀྱི་ལས་ཀ་བྱེད་ཐབས་གང་ལེགས་སྤྱོད་པ། “ཆེ་མཐོང་དང་། བར་མཐོང་། ཕྲ་མཐོང”བཅས་ཀྱི་རིམ་པ་མི་འདྲ་བ་ཁོང་དུ་ཡང་དག་ཆུད་པ།“གནད་དོན་དང་། གྲུབ་ཚུལ། ཐབས་ཇུས”བཅས་ཀྱི་བརྒྱུད་རིམ་ལྡན་པའི་བསམ་གཞིག་བརྟན་པོ་འཛུགས་པ་བཅས་བྱེད་པ། གནས་ཚུལ་གསར་པར་རང་འགུལ་ངང་ཞིབ་འཇུག་དང་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། འགན་འཁྲི་གསལ་བའི་གྲོང་སྡོད་ལས་དོན་གྱི་མ་ལག་དང་། ཕན་ཚུན་འབྲེལ་བའི་འགན་འཁྲི་དོན་འཁྱོལ་མ་ལག བྱེད་ཐབས་ནན་པའི་ལྟ་སྐུལ་དོ་དམ་མ་ལག འགན་འཁྲི་ལྕག་སྐུལ་གྱི་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། བརྟག་ཞིབ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་འགན་འཁྲི་དོན་འཁྱོལ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་གཅེས་སྐྱོང་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།