དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-04

    ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ཏང་ཀྲི་པུའུ་དང་ལས་བགོས་འགན་གཉེར་སྡེ་ཚན་གྱི་མཉམ་འབྲེལ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཏང་སྲོལ་སྲིད་གཙང་དང་རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ་དང་ལེན་དང་། སྒྲིག་ཁྲིམས་སློབ་སྦྱོང་ལ་བརྟེན་ནས་ཐོག་མའི་བསམ་འདུན་བསྲུངས་ཏེ་ཏང་དབུ་བརྙེས་ནས་ལོ་103འཁོར་བའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།

    ཝུའེ་ཤིའུ་ཁྲང་གིས། གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བར་ཁྲིད་སྟོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་འགལ་ལུགས་འགལ་མི་བྱེད་པ་དང་། “གྱོད་དཔེའི་ནང་གི་མིར”བརྟེན་ནས“ཉེ་འགྲམ་གྱི་མིར”ཉེན་བརྡ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་ཚེའི“རྩིས་ཁྲ་བདུན”ཡག་པོ་བརྩི་བ་དང་། སྲིད་དོན་སྒྲུབ་པའི“སྤྱོད་གཙང་གི་འགག་སྒོ”ནན་པོར་བསྲུངས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་ནན་པོ་འཁུར་བ་དང་ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བྱེད་པ་དང་། ཕན་འབྲས་ལ་བརྟེན་ནས་སྐད་ཆ་ཤོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱུགས་ལན་ཕུལ་ཏེ་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།