དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    ཟླ་6ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། གཙོ་ཤུགས་དམག་ཡག་པོ་བྱེད་པ་དང་། འགན་འཁྲི་གསར་པ་འཁུར་བ། རང་འགུལ་དང་སྔོན་ཚུད་ནས་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཀྱི་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    བོད་ལྗོངས་འཛིན་ལོར་ལྟ་འདོམས་ཅུས་ཀྱི་སྒྲིག་གཞི་ལྟ་འདོམས་ཁྲུའུ་དང་ཀུང་སི་ལྟ་འདོམས་ཁྲུའུ་རུ། ཡན་ཅིན་ཧའེ་ཡིས་ཁྲོམ་འགྲེམས་ཀུང་སི་དང་གཉེར་སྐྱོང་བྱེད་པོར་ལྟ་འདོམས་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་ལྟེ་བ་དང་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན།

    བོད་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་དངུལ་རྩར་དེ་བས་དམིགས་བསལ་གྱི་གལ་འགངས་རང་བཞིན་ལྡན་ཡོད། གཅིག་ནས་ཆབ་སྲིད་དང་མཉམ་འདྲེས་བྱས་ཏེ་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན། མི་དམངས་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། འཐབ་ཇུས་གལ་ཆེན་དང་། ལས་གྲྭ་གལ་ཆེན། རྣམ་གྲངས་གལ་ཆེན། ལས་སྟེགས་གལ་ཆེན། ཐོན་ལས་གལ་ཆེན་བཅས་ལ་དམིགས་པ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། ལྟ་འདོམས་ལ་ཤུགས་སྣོན། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གང་དུ་བྱས་པ་དེ་གར་དངུལ་རྩའི་ཞབས་ཞུ་སྣུར་སྲིང་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་འཕེལ་རྒྱས་དང་མཉམ་འདྲེས་བྱས་ཏེ་མིག་སྔར་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་དང་བཟོ་ལས་དཔལ་འབྱོར་གྱི་གྲུབ་ཆ་ཉིན་བཞིན་ལེགས་སུ་ཕྱིན་པ་དང་། ནུས་རྒྱུ་གཙང་མ་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ། ཐཱན་འདུས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཚོང་འགུགས་མ་འདྲེན་ལ་ཕན་འབྲས་གསར་པ་ཐོན་པ། ནོར་ཁྲལ་དངུལ་རྩའི་སྲིད་ཇུས་ཀྱིས་དམིགས་བསལ་གཟིགས་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་པས། དངུལ་རྩའི་ཁོངས་གཏོགས་ཀྱིས་ཡིད་ཆེས་དང་མཐོང་རྒྱ་ཆེ་རུ་གཏོང་བ་དང་། “ཆུ་གཏོང་ཉ་གསོ”བྱེད་ཕོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྔར་བས་སྲ་བརྟན་དང་། སྔར་བས་གནད་འཁེལ། སྔར་བས་འཚམ་མཐུན་བཅས་ཀྱི་དངུལ་རྩའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། གསུམ་ནས་ཁྲོམ་ར་དང་མཉམ་འདྲེས་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་། འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་བཅས་ལ་དོ་སྣང་བྱས་ནས་རྒྱང་ལྟའི་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་ཐད་འབད་བརྩོན་བྱེད་པ་དང་། སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་ཁྲིད་སྟོན། དངུལ་ལོར་གྱི་ལྕག་སྐུལ། གནད་སྨིན་ལྷན་སྦྱར་ཞབས་ཞུ་བཅས་ལ་དམ་འཛིན་ཧུར་ཐག་བྱེད་པ། མངོན་མེད་ཀྱི་སྒོ་ཐེམ་མེད་པ་བཟོས་ནས་ཐོགས་མེད་ཀྱི་བགྲོད་ལམ་གཏོད་པ། དངུལ་རྩའི་ཡོང་ཁུངས་གཙང་སེལ་བྱས་ནས་འགོག་རྐྱེན་མེད་པར་བཟོ་བ། “སྔོ་ལྗང་རི་ཀླུང་ཡུན་གནས་དང་འབྱུང་འགྱུར་ལ་རྒྱལ་ཁ་ཐོབ་རྒྱུར”རམ་འདེགས་བཅས་བྱེད་དགོས། བཞི་ནས་དམངས་འཚོ་དང་མཉམ་འདྲེས་བྱས་ཏེ་ཕྲན་ཚེགས་ཁེ་ལས་ལ་ཕན་ཞིང་ཁེ་ལས་དང་དམངས་ལ་སྟབས་བདེ་ཡོང་བར་སྔར་བས་མཐོང་ཆེན་དང་། དངུལ་རྩའི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། ལས་ཞུགས། རྒན་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་རྩའི་འགན་སྲུང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པ་དང་། སློབ་ཆེན་སློབ་མ། རྒན་རྒོན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ལ་ཕྱོགས་པའི་དངུལ་རྩའི་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་དངུལ་རྩས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མངོན་པར་བྱེད་དགོས། ལྔ་ནས་བདེ་འཇགས་དང་མཉམ་འདྲེས་བྱས་ཏེ“སྤྱི་ཡོངས་བརྟན་ལྷིང་དང་། གཅིག་གྱུར་མཐུན་སྦྱོར། རིགས་དབྱེ་ཇུས་འདོན། གནད་འཁེལ་རྐྱེན་སེལ”བཅས་ཀྱི་བྱེད་ཕྱོགས་གཞིར་བཟུང་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཚོད་འཛིན། སྔ་ཙམ་ནས་དོགས་ཟོན་བཅས་བྱ་རྒྱུ་མཐའ་འཁྱོངས་དང་དངུལ་རྩའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ནས་ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།