དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་ཁོངས་གཏོགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    ཟླ་6ཚེས་30ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན། ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན(གཤམ་དུ“དགོངས་པ་གཉིས་དང་རྣམ་བཤད་གཅིག”ཞེས་བསྡུ་རྒྱུ)སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ལྷ་སར་འཚོཌ་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་བསོད་ནམས་ཉི་མ་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    བསོད་ནམས་ཉི་མས་ནན་བཤད་གནང་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ལ་བརྟག་ཞིབ་གནང་སྐབས། “ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ”བཅས་དགོས་པའི་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་འཇོན་ཐང་ལ་གཞིཌ་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་གཞན་བསྒྱུར་བཅས་བྱེད་དགོས་པ་དང་། “དགོངས་པ་གཉིས་དང་རྣམ་བཤད་གཅིག”གི་ལྟེ་བའི་དོན་སྙིང་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཐོག་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུས་ཏེ་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།