དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“ཐོན་ལས་གླིང་གི་ཕན་ནུས་འདོན་སྤེལ་བྱས་ནས་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བར་རམ་འདེགས་བྱེད་པའི”ཆེད་དོན་གྲོས་མོལ་བཞུཌ་མོལ་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-02

    ཉེ་ཆར། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས“ཐོན་ལས་གླིང་གི་ཕན་ནུས་འདོན་སྤེལ་བྱས་ནས་དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བར་རམ་འདེགས་བྱེད་པའི”ཆེད་དོན་གྲོས་མོལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། དེའི་དམིགས་ཡུལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག་རང་ལྗོངས་ཀྱི་ཐོན་ལས་གླིང་འཛུགས་སྐྲུན་འཕེལ་རྒྱས་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི་དཀའ་ངལ་དངོས་དང་གནད་དོན་ལ་དམིགས་ནས་ཐབས་ཇུས་བཟང་པོ་འདོན་རྒྱུ་དེ་ཡིན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤྱི་ཚོཌ་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་བཅས་ཐད་ཀྱི་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་ཆབས་ཅིག ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ནས་གོ་བ་གཏིང་ཟབ་བླངས་ཏེ་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས། གྲོས་མོལ་གྲུབ་འབྲས་གཞན་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རང་ལྗོངས་ཀྱི་ཐོན་ལས་གླིང་གསར་གཏོད་འཕེལ་རྒྱས་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།