དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་དུ“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-29

    ཟླ་6ཚེས་26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་37པ་ཡིན་པ་དང་། ལྗོངས་དུག་འགོག་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ལྷ་ཀླུ་རིག་གནས་ཐང་ཆེན་སྤྱི་གླིང་དུ་2024ལོའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་ལྷ་ཀླུ་འདམ་ར་སྐོར་བའི་གོམ་བགྲོད་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་པོ་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    བྱེད་སྒོས“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་རྒྱུར་འགོག་ཟོན་གྱིས་དུག་མེད་ལང་ཚོ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་དུག་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་། རྒྱལ་ཁབ་དུག་འགོག་ཨུ་ལྷན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ལྗོངས་དུག་འགོག་ཨུ་ལྷན་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་བདེ་ཐང་ལུས་རྩལ་བརྒྱུད“བདེ་ཐང་གི་མི་ཚེ་དང་ལྗང་མདོག་དུག་མེད”ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས་ནས། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང་བྱེད་པ་དང་། དུག་འགོག་དང་དུག་སྐྱོན་སེལ་བའི་དམངས་ཡོངས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ། དུག་ཤེས་པ་དང་། དུག་འགོག དུག་མི་སྤྱོད་པའི་རྒྱ་ཆེའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་དེ་བས་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།