རང་སྐྱོང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་དང་ལིའུ་ཅང་ཞུགས་པ།
ཟླ་6ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཟླ་6ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ཁང་བཅུ་པའི་འགན་འཁུར་བློ་མཐུན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་སྔར་ན་མེད་པའི་ཆོད་སེམས་ཆེན་པོར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་གསར་རྩོམ་རང་བཞིན་དང་མཚོན་རྟགས་རང་བཞིན་ལྡན་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་རང་ངོས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ། འགོག་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་པ། སྒྲིག་ཁྲིམས་སྒྲིག་ལམ་གྱི་ཕྱིའི་བླང་བྱ་དེ་སྒྲིག་ཁྲིམས་སྒྲིག་སྲོལ་སྲུང་བའི་ནང་གནས་ཀྱི་རང་རྟོགས་སུ་བསྒྱུར་ཏེ། སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་དང་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་ལ་དམ་པོར་དམིགས་ནས་རང་རྟོགས་ངང་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཀྱི་མིག་དཔེའི་ལག་བསྟར་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོར་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་མཁན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་མཁན་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་སྟེ“སྲུང་སྐྱོང་གཉིས”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩིས་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་ལ་བརྩི་སྲུང་ཞུས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་སྲུང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་བཏང་སྟེ། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་དྲང་ཕྱོགས་ནས་ཁྲིད་སྟོན་དང་ལྡོག་ཕྱོགས་ནས་ཉེན་བརྡ་གཏོང་བ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སློབ་སྦྱོང་བྱ་རྒྱུ་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩི་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། གུས་སྐྲག་ཤེས་པ་དང་། ཟོན་སྐྲག་བྱེད་པ། མཐའ་ཚད་སྲུང་བ་བཅས་ཐུབ་པར་བྱེད་དགོས། ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ལྷོད་མེད་ངང་སྲ་བརྟན་དུ་གཏོང་བ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས་སྲུང་བ་དང་འགན་འཁུར་བ་དང་བྱས་རྗེས་འཇོག་པའི་དབར་གྱི་འབྲེལ་བར་ངོས་འཛིན་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་གོ་གནས་བཟུང་བ་དེ་བཞིན་སྲིད་དོན་བསྒྲུབས་ནས། སློབ་སྦྱོང་གི་ཕན་འབྲས་དེ་རང་འགན་གཙང་སྒྲུབ་དང་དངོས་སྒྲུབ་འགན་འཁུར་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་དང་། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་ཏང་ཨུད་ཧྲུའུ་ཅི་འགན་འཁུར་བ་ཨང་དང་པོ་ཡིན་པའི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་གྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ནས་འགན་ནུས་སྡེ་ཚན་ཁག་གིས་ལས་འགན་ཏན་ཏིག་སྒྲུབ་པ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཉམ་ཤུགས་ཆགས་པ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བླང་བྱ་ནན་པོ་ཏང་གི་སྒྲིག་ཁྲིམས་སློབ་གསོ་དང་སྒྲིག་བསྟར་ལྟ་སྐུལ་གྱི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སྒྲིག་ཁྲིམས་བཙན་ཐབས་ངང་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྲིག་བསྟར་ཁྲིམས་བསྟར་བྱང་ཆུབ་པར་སྐུལ་འདེད་གཏོང་དགོས། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐུལ་ལྕག་གི་ལམ་སྲོལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་སྐུལ་སྤེལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།